ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

དྲག་གནོན་འོག་ཡོད་པའི་འབྲི་རུ་རྫོང་དུ་བོད་མི་རྒས་པོ་ཞིག་བཙོན་འཇུག་གི་དུས་བཀག་བཟོས་ཡོད་པ།


བོད་ནག་ཆུ་ས་ཁུལ་གྱི་ཤར་ཕྱོགས་རྫོང་གསུམ་ཟེར་བའི་ས་ཁུལ་དེ་རྒྱུན་དུ་རྒྱ་ནག་གཞུང་གིས་དོགས་པ་དང་དམ་དྲག་བྱེད་ཡུལ་གྱི་ས་ཁུལ་ཞིག་ཡིན་པ་དང་། ལྷག་པར་དུ་ཉེ་ཆར་ནས་བཟུང་འབྲི་རུ་རྫོང་དེ་བོད་རང་སྐྱོང་ལྗོངས་ནང་ཆེས་འབུར་དུ་ཐོན་པའི་ངོ་རྒོལ་བྱས་དང་བྱེད་མུས་ཀྱིས་ས་ཆ་ཞིག་ཡིན་པར་རྟེན། ད་ཆ་རྫོང་དེ་རྒྱ་ནག་གི་དྲག་པོའི་དམག་གི་འོག་ཏུ་མནན་ཡོད་པ་རེད། དེ་ལྟ་བུའི་དམ་དྲག་འོག་ད་ཆ་སྨན་བཅོས་བྱེད་བཞིན་པའི་བོད་མི་བགྲེས་སོང་ཞིག་ལ་བཙོན་འཇུག་གི་དུས་བཀག་བཟོས་ཡོད་པའི་གནས་ཚུལ་ཐོན་འདུག དེའི་སྐོར་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།
XS
SM
MD
LG