ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཤིང་ཅང་གི་ནང་དྲག་ཟིང་བྱུང་སྟེ་མི་གྲངས་བརྒྱ་མིན་ཙམ་ཞིག་ལ་སྲོག་སྐྱོན་བྱུང་ཡོད་པ།


རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པ་ཤིང་ཅང་གི་ནང་། གཟའ་འཁོར་སྔོན་མ་དྲག་ཟིང་ལང་སྟེ་མི་ལ་ཤི་རྨས་ཀྱི་གནས་ཚུལ་བྱུང་ཡོད་ལུགས། སྐབས་དེར་རྒྱ་ནག་གཞུང་འབྲེལ་གསར་ཁང་ཁག་གིས་བརྗོད་པ་ལས། གནས་ཚུལ་ཞིབ་ཕྲ་འགྲེལ་བརྗོད་བྱས་མེད་ཀྱང་། གཟའ་ཉི་མའི་ཉིན། རྒྱ་ནག་གཞུང་གིས་དེའི་སྐོར་གསལ་བསྒྲགས་དངོས་སུ་བྱས་ཏེ། དྲག་ཟིང་དེའི་ནང་མི་གྲངས་བརྒྱ་མིན་ཙམ་ཞིག་ལ་སྲོག་སྐྱོན་བྱུང་ཡོད་ལུགས་བརྗོད་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས། དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།།

XS
SM
MD
LG