ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

བྷིན་ལ་ཌན་ཤི་བར་འཛམ་གླིང་གི་བརྡ་ལན།


བྷིན་ལ་ཌན་ཤི་བར་འཛམ་གླིང་གི་བརྡ་ལན།
བྷིན་ལ་ཌན་ཤི་བར་འཛམ་གླིང་གི་བརྡ་ལན།

ཨ་མི་རི་ཀའི་འཕྲལ་སྒྲུབ་དམག་གིས་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་པའི་འགོ་གཙོ་ཨོ་ས་མ་བྷིན་ལ་ཌན་བསད་པའི་རྗེས་སུ་ཨབ་གྷ་ཎི་སི་ཐན་ནས་དཀྱིལ་ཤར་ས་ཁུལ་དང་། ཨ་མི་རི་ཀ་ནས་ཡོ་རོབ། ལྷོ་ཨ་མི་རི་ཀ་ནས་རྒྱ་དཀར་ནག པ་ཀི་སི་ཐན་ནས་སྐྱེ་བ་སྒེར་པ་བཅས་འཛམ་གླིང་ཁྱོན་ཡོངས་སུ་ཨོ་ས་མ་བྷིན་ལ་ཌན་བསད་པ་དཀར་ཕྱོགས་ལ་རྒྱལ་ཁ་དང་ནག་ཕྱོགས་ལ་ཕམ་ཉེས་རེད་ཅེས་དགའ་ཚོར་བྱེད་མཁན་དང་། འཇིགས་སྐུལ་རིང་ལུགས་པ་དང་ཁ་ཆེའི་དྲག་སྤྱོད་པའི་ཚོགས་སྡེ་ཁག་གིས་ཨོ་ས་མ་བྷིན་ལ་ཌན་སྐུ་གཤེགས་པ་རེད། ང་ཚོ་ཁ་ཆེའི་མི་རིགས་ཀྱི་དཔའ་བོ་ཞིག་མེད་པར་གྱུར་པ་རེད་ཅེས་སེམས་སྡུག་དང་མྱ་ངན། ཁོང་ཚོས་པ་ཀི་སི་ཐན་གྱི་འགོ་ཁྲིད་ཚོ་དང་ཨ་མི་རི་ཀ ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་རྒོལ་རྡུང་བྱས་ནས་ཨོ་ས་མ་བྷིན་ལ་ཌན་ལ་དགྲ་ཤ་ལེན་རྒྱུ་ཡིན་ཞེས་ངར་སྐད་སྒྲོག་གི་ཡོད་པ་མ་ཟད། རྒྱ་ནག་དཀར་སོགས་རྒྱལ་ཁབ་ཁག་ཅིག་གིས་ཨོ་ས་མ་བྷིན་ལ་ཌན་བསད་པའི་དོན་རྐྱེན་བརྒྱུད་ནས་རང་གི་ལངས་ཕྱོགས་གསལ་སྟོན་དང་འབྲེལ་ཡོད་རྒྱལ་ཁབ་སོ་སོའི་དགོས་མཁོ་སྒྲུབ་ཐབས་ཀྱང་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG