ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་དྲུག་པ།


ཟླ་བ་འདིའི་མཇུག་ཏུ་ཁེ་ནེ་ཌའི་རྒྱལ་ས་ཨོ་ཊ་ཝར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་པ་སྐོང་ཚོགས་བྱ་རྒྱུ་ཡིན་ཞིང་། ཚོགས་ཆེན་དེར་ཨ་རི་དང་འཛམ་གླིང་ཡུལ་གྲུ་གཞན་གྱི་གྲོས་ཚོགས་འཐུས་མི་རྒྱས་འཛོམས་གནང་རྒྱུ་ཡིན་པ་མ་ཟད། བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་ཆེན་དབུ་འབྱེད་ལ་ཕེབས་ནས་བཀའ་སློབ་གནང་འཆར་ཡོད་པ་བཅས་ཀྱི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་རྣམ་རྒྱལ་ཤཱསྟྲིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།

XS
SM
MD
LG