ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨོ་བྷ་མའི་འཛིན་སྐྱོང་གི་མི་སྣ་རཱི་ཆར་ཧོལ་སྦུ་རོག་འདས་གྲོངས།


ཨོ་བྷ་མའི་འཛིན་སྐྱོང་གི་མི་སྣ་རཱི་ཆར་ཧོལ་སྦུ་རོག་འདས་གྲོངས།

ཨ་རིའི་སྲིད་འཛིན་གྱི་གཙོས་པའི་འཛམ་གླིང་གི་དབུ་འཁྲིད་ཚོས་ཨ་རིའི་ཕྱི་འབྲེལ་མི་སྣ་ རི་ཅར་སྒྲ་ ཧོལ་སྦུ་རོག་འདས་གྲོངས་ཕྱིན་པར་མྱ་ངན་ཞུས་ཡོད་པ་དང་། དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་ནས་ཀྱང་ཐུགས་ཕམ་བྱུང་པའི་སྐོར་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད། ཁ་སང་གཟའ་ཟླ་བའི་ཉིན་དགུང་ལོ་༦༩ ལ་སོན་པའི་ཨབ་གྷན་ནི་སི་ཐན་དང་པཱ་ཀི་སི་ཐན་གཉིས་ཀྱི་ལས་དོན་ཐད་དམིགས་བསལ་སྐུ་ཚབ་རཱི་ཆར་ཧོལ་སྦུ་རོག་མཆོག་ལ་སྙིང་གི་ན་ཚ་བྱུང་ནས་གཤག་བཅོས་བྱེད་པའི་སྐབས་འདས་གྲོངས་སུ་ཕྱིན་ཡོད་པ་རེད།

XS
SM
MD
LG