ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་དང་རྒྱབ་ལྗོངས་ལོ་རྒྱུས།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ད་ལོའི་ཕྱི་ཟླ་༥་པའི་མགོ་སྟོད་ནས་བོད་དང་རྒྱ་གར་གྱི་ས་མཚམས་ཁག་ཏུ་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་རྣམས་ལག་འཛིང་དང་ཁ་འཛིང་ཐུག་གི་ཡོད་པར་མ་ཟད། གཟའ་འཁོར་འདིར་རྒྱ་གར་གྱི་དམག་མི་༢༠་ལ་སྲོག་སྐྱོན་བྱུང་ཡོད་ཅིང་། རྒྱ་དཀར་ནག་གཉིས་ཀས་དངོས་སུ་སྟངས་འཛིན་བྱེད་བཞིན་པའི་ས་མཚམས་ཀྱི་དབྱེ་བར་འགྲེལ་བཤད་རྒྱག་སྟངས་དང་དངོས་འཛིན་བྱེད་སྟངས་ལ་ཕྱོགས་གཉིས་མཐུན་གྱི་མེད་པ་རེད།

ཧི་མ་ལ་ཡའི་རི་རྒྱུད་ཀྱི་མཐའ་མཚམས་ཁག་གི་བདག་དབང་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ནི་བོད་དང་སྔོན་ཆད་རྒྱ་གར་ལ་དབང་སྒྱུར་བྱེད་མཁན་དབྱིན་ཇིའི་གཞུང་གིས་བཞག་པའི་ཆིངས་ཡིག་སོགས་ལ་ཁུངས་གཏུག་དགོས། ད་ལྟ་ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་རྒྱ་གར་དང་རྒྱ་ནག་གཉིས་ལ་སྤྱི་ལེ་སྟོང་ཕྲག་གསུམ་ལྷག་གི་ས་མཚམས་ཡོད་ཀྱང་དེ་ནི་ཁྲིམས་མཐུན་གྱི་ས་མཚམས་ཤིག་མིན་པར་དངོས་སུ་སྟངས་འཛིན་བྱེད་པའི་ས་ཐིག་ཅེས་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་རེད།

བོད་རང་བཙན་ལས་འགུལ་བ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ཀྱིས་བོད་པ་ཚོས་རྒྱ་གར་གཞུང་དམངས་གཉིས་ལ་བོད་ནི་ལོ་རྒྱུས་ཐོག་ཏུ་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་གནས་ལུགས་རྣམས་གསལ་བཀྲོལ་བྱས་ཏེ་རྒྱབ་སྐྱོར་འཚོལ་དགོས། འདི་ནི་ད་ལྟའི་རྒྱལ་སྤྱིའི་གནས་སྟངས་དང་རྒྱལ་ཁབ་ཁག་གི་འབྲེལ་བ་འཛིན་ཕྱོགས་ལ་གཞིགས་ན་གལ་འགངས་ཆེན་པོ་ཆགས་འདུག་ཅེས་བརྗོད་ཡོད་པའི་ཞིབ་ཕྲ་རྣམས་ཀུན་གླེང་ལས་རིམ་གཟིགས་རོགས་གནང་།
XS
SM
MD
LG