ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ལི་བི་ཡའི་ཚོགས་འདུ།


ལི་བི་ཡའི་ཚོགས་འདུ།
ལི་བི་ཡའི་ཚོགས་འདུ།

ལི་བི་ཡའི་མི་མང་གིས་གྱེན་ལོག་བྱས་ནས་སྲིད་དབང་སྒེར་གཅོད་པ་མོ་མར་གྷ་དྷ་ཧྥིའི་སྲིད་དབང་མགོ་རྟིང་སློག་པ་དང་། ཕྱི་ལོ་༢༠༡༡་གི་ཟླ་བ་༩་ཚེས་༡་འདི་ནི་ཐོག་མར་༡༩༦༩་ལོར་མོ་མར་གྷ་དྷ་ཧྥི་ཡིས་ལི་བི་ཡའི་རྒྱལ་པོ་ཨི་དི་རི་སིའི་སྲིད་དབང་འཕྲོགས་ཏེ། ཁོང་གིས་ལི་བི་ཡར་སྲིད་དབང་གཅིག་སྡུད་ཀྱི་ལམ་ལུགས་བཙུགས་ནས་ལོ་ངོ་༤༢་འཁོར་པའི་དུས་དྲན་ཡིན་མོད། འོན་ཀྱང་དེ་རིང་གི་དུས་དྲན་འདིར་ཧྥ་རན་སིའི་སྲིད་འཛིན་ཎི་ཁོ་ལ་སི་ཟར་ཁོ་སིས་མགྲོན་བདག་འོག མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་དང་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ། དབྱིན་ཇིའི་སྲིད་བློན་དང་ཧྥ་རན་སིའི་སྲིད་འཛིན་སོགས་ནུབ་ཕྱོགས་ཀྱི་སྟོབས་ཆེན་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོ་དང་། རྒྱ་ནག་དང་ར་ཤི་ཡ་བཅས་ཁྱོན་བསྡོམས་རྒྱལ་ཁབ་༦༠་ལྷག་གིས་སྐུ་ཚབ་བཏང་སྟེ། ཁོང་ཚོས་ལི་བི་ཡའི་བར་བརྒལ་འཛིན་སྐྱོང་ལྷན་ཁང་རྒྱལ་ཁབ་དེའི་ཁྲིམས་མཐུན་སྲིད་གཞུང་ལ་ངོས་འཛིན་བྱེད་རྒྱུ་དང་། ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རང་གི་དངུལ་ཁང་ཁག་ཏུ་མོ་མར་གྷ་དྷ་ཧྥིས་བཅོལ་ཡོད་པའི་དངུལ་སྒོར་དེ་རྣམས་ལི་བི་ཡའི་བར་བརྒལ་འཛིན་སྐྱོང་ལྷན་ཁང་ལ་སྤྲོད་རྒྱུའི་གྲོས་བསྡུར་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG