ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གཞུང་གིས་བོད་དེ་བཞིན་གནས་ཚུལ་མི་ཤེས་པའི་ནག་ཁུང་ནང་འཇུག་གི་ཡོད་པ།


རྒྱ་ནག་གཞུང་གིས་བོད་ཀྱི་རྩོམ་པ་པོ་དང་གནས་ཚུལ་ཤོད་མཁན་འཛིན་བཟུང་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པའི་ཐད་ས་མཚམས་མེད་པའི་གསར་འགོད་པའི་ཚོགས་པས་སྐྱོན་བརྗོད་བྱས་པ་མ་ཟད། རྒྱ་ནག་གི་བྱེད་ཕྱོགས་འདིས་བོད་དེ་བཞིན་གནས་ཚུལ་མི་ཤེས་པའི་ནག་ཁུང་ནང་འཇུག་གི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། བོད་མི་ཚོས་རྒྱུན་ལྡན་གྱི་གསར་འགྱུར་རྣམས་གསང་བའི་ཐོག་ནས་བརྗོད་དགོས་ཐུག་པའི་རྒྱུ་མཚན་དེ་རྒྱ་ནག་གཞུང་གིས་བོད་ནང་གསར་འགོད་རང་དབང་མི་སྤྲོད་པའི་རྐྱེན་གྱིས་ཡིན་པ་ཚོགས་པ་དེས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
XS
SM
MD
LG