ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གིས་ཞི་བདེ་དང་བྱམས་བརྩེ་ལྡན་པའི་འཛམ་གླིང་སྐྲུན་ཐབས་སྐོར་བཀའ་སློབ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་མིའི་མགོན་སྐྱབས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་གྱི་ས་ཁུལ་འདྲ་མིན་བཅུ་ཙམ་དང་། རྒྱལ་སྤྱིའི་ནང་ས་ཁུལ་འདྲ་མིན༡༧ ཙམ་དུ་ཡན་ལག་སློབ་གྲྭ་ཡོད་པའི་Amity གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་དང་སློབ་ཕྲུག་ཁག་ཅིག་དང་ལྷན་དྲྭ་ལམ་བརྒྱུད་ཞི་བདེ་དང་བྱམས་བརྩེ་ལྡན་པའི་འཛམ་གླིང་སྐྲུན་ཐབས་སྐོར་བཀའ་སློབ་ལམ་སྟོན་དང་དྲི་བ་དྲི་ལན་སོགས་གནང་བ་རེད། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གཞོན་སྐྱེས་ཚོས་སོ་སོའི་མེས་དབོན་དམ་པ་ཚོས་འཇོག་གནང་མཛད་པའི་གནའ་བོའི་རིག་གནས་རྒྱུན་འཛིན་དགོས་པ་ནན་བརྗོད་གནང་སོང་།

དཔྱད་བརྗོད་ལ་བལྟ།

XS
SM
MD
LG