ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གཞུང་དང་ཨེ་ཤ་ཡའི་རྒྱལ་ཁབ་མང་པོ་ཞིག་གི་བར་དུ་མཚོ་གླིང་གི་བདག་དབང་ཐད་རྩོད་གཞི་ཡོད་པ་བཞིན། ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁོངས་སུ་ཡོད་སའི་ xisha མཚོ་གླིང་ནི་རྒྱ་ནག་དང་ཝི་ཌི་ནམ་གཉིས་བདག་དབང་གི་ཐད་རྩོད་གཞི་ཡོད་པའི་མཚོ་གླིང་ཞིག་ཡིན། རྒྱ་ནག་གཞུང་གིས་xisha མཚོ་གླིང་དེ་ཁྲིམས་མཐུན་དང་ལུགས་མཐུན་ཀྱིས་རྒྱ་ནག་ལ་དབང་བས། ཝི་ཌི་ནམ་གྱིས་དེར་རྩོད་པ་སློང་དོན་མེད་པ་བརྗོད་ཡོད། དེ་བཞིན་རྒྱ་ནག་གཞུང་གིས་ཉིན་ཤས་སྔོན་ནས། རྩོད་གཞི་ཅན་གྱི་མཚོ་གླིང་དེར་རྡོ་སྣུམ་འདོན་བྱེད་ཀྱི་ཡོ་ཆས་ཤིག་བཞག་སྟེ་མཚོ་གླིང་དེ་རྒྱ་ནག་ལ་དབང་བའི་རྣམ་འགྱུར་སྟོན་བཞིན་ཡོད་པ་རེད། ཝི་ཌི་ནམ་གྱིས་དེ་རིང་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་བྱས་ཡོད་པ་མ་ཟད། དགོས་མཁོ་བྱུང་ན་དུས་ལ་བབ་པའི་ཁ་གཏད་གཅོག་རྒྱུ་ཡིན་པ་བརྗོད་ཡོད་འདུག འདིའི་སྐོར་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།
XS
SM
MD
LG