ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་དང་པ་ཀི་སི་ཐན་གྱི་འབྲེལ་བ་དང་ཡུ་གུར་པ།


ཉེ་ཆར་ཞིན་ཅང་གི་ཁ་ཤི་སྒར་གྲོང་ཁྱེར་གྱི་སྲང་ལམ་ཞིག་ཏུ་འབར་མདེལ་གཉིས་བཀད་པ་དང་། ཡུ་གུར་པ་གཉིས་ཀྱིས་མི་ཚོགས་ཁྲོད་དུ་དོ་སྐྱེལ་རླངས་འཁོར་ཞིག་བཏང་ནས་མི་༡༨་བསད་པ་དང་མི་༥༠་ཡས་མས་ཤིག་ལ་རྨས་སྐྱོན་ཕོག་ནས་བཟུང་། རྒྱ་ནག་གཞུང་གིས་ཞིན་ཅང་གི་གཏོར་རྒོལ་དེའི་རྒྱབ་ལོགས་སུ་ཤར་ཏུར་ཀི་སི་ཐན་ཁ་ཆེ་ལས་འགུལ་ཚོགས་པ་ཡོད་པ་དང་། ཤར་ཏུར་ཀི་སི་ཐན་ཁ་ཆེ་ལས་འགུལ་ཚོགས་པའི་འགོ་ཁྲིད་ཚོར་པ་ཀི་སི་ཐན་གྱི་ས་ཐོག་ཏུ་ཡོད་པའི་འཇིགས་སྐུལ་རིང་ལུགས་པའི་དམག་སྒར་ཁག་ཏུ་སྦྱོང་བརྡར་ཐོབ་ཡོད་ཅེས་སྐྱོན་འཛུགས་བྱས་ཏེ། རྒྱ་ནག་དང་པ་ཀི་སི་ཐན་གྱི་འགོ་ཁྲིད་ཚོས་ཕྱོགས་གཉིས་འབྲེལ་བར་སུས་ཀྱང་འགལ་ཟླ་སློང་མི་ཐུབ་པ་དང་། པ་ཀི་སི་ཐན་དང་རྒྱ་ནག་གི་འབྲེལ་བ་ཧ་ཅང་བརྟན་པོ་ཡིན་ཞེས་སྤོབས་པ་བྱས་ནས་གཏམ་བཤད་བྱེད་སྲོལ་ཡོད་རུང་། གལ་ཏེ་རྒྱ་ནག་གཞུང་གིས་སྐྱོན་འཛུགས་བྱས་པ་ལྟར་ཞིན་ཅང་གི་ཡུ་གུར་པ་ཚོར་པ་ཀི་སི་ཐན་གྱི་ས་ཐོག་ཏུ་ཡོད་པའི་འཇིགས་སྐུལ་རིང་ལུགས་པའི་དམག་སྒར་ཁག་ཏུ་སྦྱོང་བརྡར་ཐོབ་ཀྱི་ཡོད་པ་དང་། ཕྱི་ཟླ་བདུན་པའི་ཟླ་མཇུག་དེར་ཞིན་ཅང་གི་ཁ་ཤི་སྒར་གྲོང་ཁྱེར་གྱི་གཏོར་རྒོལ་དེར་ཤར་ཏུར་ཀི་སི་ཐན་ཁ་ཆེ་ལས་འགུལ་ཚོགས་པ་དངོས་སུ་འབྲེལ་བ་ཡོད་པ་བདེན་པ་ཡིན་ཚེ། རྒྱ་ནག་དང་པ་ཀི་སི་ཐན་གྱི་འབྲེལ་བར་འགལ་ཟླ་འབྱུང་སྲིད་པའི་ཉེན་ཀ་ཡོད་ཅེས་ཉམས་ཞིབ་པ་ཚོས་ཉེན་བརྡ་བཏང་ཡོད་པ་རེད།

XS
SM
MD
LG