ཕྲུག་གུ་གཅིག་ལས་བཙའ་མི་ཆོག་པའི་རྒྱ་ནག་གི་འཆར་ལྡན་བུ་བཙའ་སྲིད་ཇུས་ཀྱི་འོག ད་ལྟ་རྒྱ་ནག་ hunan ཞིང་ཆེན་དུ་མངལ་དུ་ཕྲུག་གུ་འཁོར་ཏེ་ཟླ་བ་ལྔ་སོང་བའི་བུད་མེད་ཅིག་སྨན་ཁང་དུ་ཁྲིད་དེ་མངལ་དུ་ཡོད་པའི་བྱིས་པ་མེད་པར་བཟོ་དགོས་པའི་བཙན་བཀའ་གཏོང་གིན་ཡོད་པ་དང་། གལ་ཏེ་ཕྲུག་གུ་སྐྱེས་ཚེ་དངུལ་གྱི་ཆད་པ་གཅོད་བཞིན་པའི་གནད་དོན་ལས་འཕྲོས་ཏེ་རྒྱ་ནག་ནང་གི་འཆར་ལྡན་བུ་བཙའི་ཀྱི་སྲིད་ཇུས་འོག་ཨ་མ་སྟོང་ཕྲག་མང་པོས་དཀའ་སྡུག་མྱོང་གི་ཡོད་པའི་ཐད་ལ། ཨ་མེ་རི་ཀའི་གཞུང་དང་རྒྱལ་མཚམས་མེད་པའི་བུད་མེད་ཀྱི་ཐོབ་ཐང་ཚོགས་པ་སོགས་ནས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པའི་སྐོར་ལ་ཚེ་རིང་སྐྱིད་ཀྱིས་ཕྱོགས་སྒྲིག་གིས་སྙན་སྒྲོན་ཞུ་གནང་གི་རེད།