ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་གྲོས་ཚོགས་གོང་མས་རྒྱ་ནག་ལ་བོད་དོན་ཐག་གཅོད་དགོས་པའི་ནན་བརྗོད།


ཨ་རིའི་གྲོས་ཚོགས་གོང་མས་རྒྱ་ནག་ལ་བོད་དོན་ཐག་གཅོད་དགོས་པའི་ནན་བརྗོད།

ཨ་མི་རི་ཀའི་གྲོས་ཚོགས་གོང་མས་སྲིད་འཛིན་ཨོ་བྷ་མའི་གཞུང་གིས་བོད་མི་དམངས་ལ་ཐད་ཀར་ཕན་ཐོག་ཡོད་པ་དང་། རྒྱ་ནག་དང་ཨ་མི་རི་ཀ་གཉིས་བོད་དོན་ཐོག་ཏུ་ཕར་ཚུར་ཡིད་ཆེས་ཡོང་ཐུབ་པའི་རྨང་གཞི་བརྟན་པོ་ཞིག་འཛུགས་ཐུབ་པའི་གོ་སྐབས་ཡོད་པ་སྟེ། ཨ་རིའི་གཞུང་གིས་སྔར་བཞིན་རྒྱ་ནག་གི་འགོ་ཁྲིད་ཚོར་བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་འགྲིག་མཐུན་བྱེད་དགོས་པའི་སྐུལ་ལྕག་གཏོང་དགོས་པ་དང་། རྒྱ་ནག་གཞུང་གིས་བོད་མི་མང་ལ་རང་གི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་དང་སྐད་ཡིག་བཅས་པ་སྲུང་སྐྱོབ་བྱེད་པའི་ལས་དོན་ཐོག་ཏུ་དབང་ཚད་ཆེ་ཙམ་སྤྲོད་རྒྱུ། བོད་རྒྱ་མི་རིགས་གཉིས་འགྲིག་མཐུན་ཡོང་ན་རྒྱ་ནག་ལ་དུས་ཡུན་རིང་པོ་ཞིག་ནས་ཆབ་སྲིད་བརྟན་ལྷིང་མེད་པ་དང་། འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཡར་རྒྱས་འགྲོ་གི་མེད་པའི་འགོག་རྐྱེན་དེ་རྣམས་སེལ་ཐུབ་པ་མ་ཟད། རྒྱ་ནག་གཞུང་གིས་ཕྱི་ལོགས་སུ་ཡོད་པའི་བོད་པ་བཙན་བྱོལ་བ་ཚོར་རང་ཡུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ལས་དོན་ཁག་ལ་ལེགས་སྐྱེས་འབུལ་དུ་འཇུག་དགོས་པ་དང་། ཕྱི་ལོགས་སུ་ཡོད་པའི་བོད་པ་བཙན་བྱོལ་བ་ཚོར་དཔལ་འབྱོར་འདུ་འགོད་དང་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ། བོད་མི་མང་ལ་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་ཞིག་ཡོད་པ་གཅེས་འཛིན་བྱེད་པར་ཉམས་མྱོང་དང་ཤེས་ཡོན། ཁོང་ཚོར་མཐུན་རྐྱེན་བཅས་ཀྱི་ཆ་རྐྱེན་འཛོམས་པོ་ཡོད་ཅེས་སྙན་ཐོ་བཏོན་ཡོད་པ་རེད།།

XS
SM
MD
LG