ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨ་རིའི་གྲོས་ཚོགས་འཐུས་མི་ཚོ་དང་ཧོང་ཀོང་།


ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་གྱིས་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་ཁྲིམས་དེ་ཕྱིར་བསྡུ་བྱ་རྒྱུའི་གསལ་བསྒྲགས་སྤེལ་རུང་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཚོས་བཏོན་པའི་དགོས་འདུན་ཚང་མར་གཞུང་གིས་ངོས་ལེན་བྱེད་ཀྱི་མེད་པས་མུ་མཐུད་དུ་ངོ་རྒོལ་ལས་འགུལ་སྤེལ་འཆར་ཡོད་ཅེས་བཤད། ཨ་མི་རི་ཀའི་སྲིད་དོན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་ཚོས་ཧོང་ཀོང་ས་གནས་གཞུང་གིས་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་ཁྲིམས་དེ་ཕྱིར་བསྡུ་བྱས་པར་དགའ་བསུ་ཡོད། འོན་ཀྱང་ད་དུང་དེ་ཙམ་གྱིས་འདང་གི་མེད་པ་དང་རྒྱ་ནག་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་རྩ་དོན་ལ་ཁས་ལེན་བྱས་ནས་དོན་འཁྱོལ་ཡོང་ཐབས་བྱ་དགོས་ཞེས་བརྗོད་ཡོད་པ་བཅས་ཀྱི་སྐོར། ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG