ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨ་རིའི་ཕྱི་སྲིད་དྲུང་ཆེ་མ་ཡན་མར་དུ་ཕྱོགས་བསྐྱོད་དང་རྒྱ་ནག་དང་འབྲེལ་བ།


ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་་ཁིལ་ཀྲན་གྱིས་འབར་མའམ་མ་ཡན་མར་དུ་ཕེབས་ཀྱི་ཡོད་པ་འདི་ནི་མི་ལོ་ལྔ་བཅུའི་ནང་ཨ རིའི་ཕྱི་སྲིད་དྲུང་ཆེ་ཞིག་ཡུལ་དེར་ཕེབས་པ་ཐོག་མ་དེ་ཆགས་རྒྱུ་ཡིན་པ་རེད།་ད་རེས་ལྕམ་ཁིལ་ཊོན་གྱིས་མ་མན་མར་གྱི་གཞུང་འཛིན་དཔོན་རིགས་དང་དེ་བཞིན་ཕྱོགས་འགལ་དངམས་གཙོ་དོན་གཉེར་བའི་འགོ་ཁྲིད་ལྕམ་ཨང་སང་་སུ་ཆི་དང་ཐུག་འཕྲད་གྲོས་མོལ་གནང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད། གཞི་རྐང་ད་རེས་ཨ རིས་མ་མན་མར་ལ་ད་བར་བཀལ་བའི་ཉེས་ཆད་ཁག་ཕྱིར་འཐེན་བྱེད་རྒྱུའི་འཆར་གཞི་མེད་པ་མོད་འོན་ཀྱང་ཨ་རི་དང་མ་ཡན་མར་གཉིས་དབར་འབྲེལ་ལམ་བཟང་དུ་འགྲོ་བཞིན་པའི་རྐྱེན་གྱིས་རྒྱ་ནག་ལ་ཤུགས་རྐྱེན་ནམ་དོ་ཕོག་ཇི་འདྲ་འགྲོ་མིན་ཐད་ཚོད་དཔག་བྱེད་དགོས་པ་ཞིག་ཆགས་ཡོད་པ་རེད།

XS
SM
MD
LG