ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་དང་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་དོན་གླེང་སློང་།


མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལོ་འཁོར་ཚོགས་ཆེན་ཐེངས་༡༩་བ་དེ་ནི། ཡོ་རོབ་རྒྱལ་ཁབ་སུད་ཛར་ལན་ཌེའི་འཇི་ཎི་བ་གྲོང་ཁྱེར་དུ་ཚོགས་ཡོད་པ་དང་། ད་ལོའི་ཚོགས་ཆེན་ཐོག་ཏུ་ཨ་མི་རི་ཀ་དང་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་རྣམ་པས་རྒྱ་ནག་གཞུང་གིས་བོད་ནང་ལོགས་སུ་གདུག་རྩུབ་ཆེ་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་ཏེ། བོད་མི་མང་གི་འགྲོ་བ་མིའི་ཐོབ་ཐང་དང་གང་ཅིའི་གནས་སྟངས་སྡུག་ཏུ་འགྲོ་བཞིན་པ་དེར་བློ་ཚབས་ཆེན་པོ་ཡོད་ཅེས་བོད་དོན་གླེང་སློང་བྱས་ཤིང་། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་འོག་མ་མཱ་རི་ཡ་ཨོ་ཐེ་རོ་ཡིས་རྒྱ་ནག་གི་མངའ་ཁོངས་སུ་ཡོད་པའི་བོད་ས་ཁག་ཏུ་ངོ་རྒོལ་འབྱུང་བ་དང་རྒྱ་ནག་གཞུང་གིས་དེ་ལ་དྲག་གནོན་བྱེད་ཀྱི་ཡོད་པ་དེར་ཨ་མི་རི་ཀས་སྔར་བཞིན་བློ་ཚབས་བྱེད་བཞིན་ཡོད། ང་ཚོས་རྒྱ་ནག་ཚུད་པའི་འཛམ་གླིང་ཡུལ་གྲུ་ཁག་གི་སྲིད་གཞུང་དེ་ཚོར་འགྲོ་བ་མིའི་གཏམ་བརྗོད་རང་དབང་དང་ཆོས་དད་རང་དབང་། གྲངས་ཉུང་མི་རིགས་ཚུད་པའི་རྒྱལ་ཁབ་དེའི་སྤྱི་དམངས་ཀྱི་གཞི་རྩའི་ཐོབ་ཐང་ཁག་ལ་བརྩི་འཇོག་བྱེད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།

XS
SM
MD
LG