ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་འགྲན་ཞུགས་པ་ཌོ་ནལ་ཊམ་རང་གི་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མིར་ལངས་ཆོག་པའི་འདེམས་བསྐོ་ལྷན་ཚོགས་ཀྱི་འཐུས་མིའི་འོས་ཤོག་གྲངས་ཚད་ལོངས་ཡོད་ཅིང་། དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་འགྲན་ཞུགས་པ་གཙོ་བོ་ཧི་ལ་རི་ཁེ་ལིན་ཊོན་ལའང་རང་གི་སྲིད་དོན་ཚོགས་པའི་འདེམས་བསྐོ་ལྷན་ཚོགས་ཀྱི་འཐུས་མིའི་འོས་ཤོག་གྲངས་ཚད་ལོངས་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པས། ༢༠༡༦་གི་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་འདི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལ་ཊམ་དང་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཧི་ལ་རི་ཁེ་ལིན་ཊོན་གཉིས་ཀྱི་འགྲན་རྩོད་ཅིག་ལ་འགྱུར་གཏན་ཁེལ་བ་ལྟ་བུ་ཞིག་ཞིང་། ན་ནིང་ཕྱི་ཟླ་༩་ནས་ཨ་མི་རི་ཀའི་གསར་འགྱུར་ལས་ཁང་གིས་ཌོ་ནལ་ཊམ་དང་ཧི་ལ་རི་ཁེ་ལིན་ཊོན་གཉིས་ཀྱི་སུ་ལ་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་རྒྱུ་ཡིན་མིན་མི་དམངས་ལ་བསམ་ཚུལ་དྲིས་པ་ལྟར་ན་སྐབས་འགར་ཌོ་ནལ་ཊམ་ལ་མི་མང་འོས་ཤོག་འཕེན་མཁན་གྱི་རྒྱབ་སྐྱོར་པ་མང་བ་ཡོད་པ་དང་། སྐབས་འགར་ཧི་ལ་རི་ཁེ་ལིན་ཊོན་ལ་མི་མང་འོས་ཤོག་འཕེན་མཁན་གྱི་རྒྱབ་སྐྱོར་པ་མང་བ་ཡོད་པའི་རྣམ་པ་ཐོན་ཡོད་འདུག ཨ་མི་རི་ཀའི་སྲིད་འཛིན་སྲིད་འཛིན་འོས་མི་གཙོ་བོ་གཉིས་ཀར་རྒྱལ་ཕམ་གྱི་དབྱེ་བ་གཏིང་ཐག་ཆོད་པ་ཞིག་ཡོང་གི་མེད་པ་ཨ་མི་རི་ཀའི་མི་དམངས་རྣམས་གསར་འགྱུར་ལས་ཁང་གིས་སྔོན་དཔག་བྱས་པའི་སྲིད་འཛིན་འོས་མི་གཉིས་ལ་འདོད་པ་ཁེངས་མེད་པའི་རྟགས་མཚན་གསལ་བོ་མཚོན་ཡོད། སྔོན་ཆད་ཌོ་ནལ་ཊམ་སྤྱི་མཐུན་ཚོགས་པའི་ཚོགས་མི་ལ་མ་བརྩིས་པ་དང་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་ཚོས་ངོ་རྒོལ་བྱས་པ། ལྷག་པར་དུ་ཌོ་ནལ་ཊམ་གྱིས་སྤྱི་མཐུན་ཚོགས་པའི་ལྟ་བ་དང་ལངས་ཕྱོགས་ལ་གནོད་པའི་གཏམ་བཤད་ཐེངས་འགའ་ཞིག་བྱས་ཏེ། ཨ་མི་རི་ཀའི་སྤྱི་ཚོགས་སུ་ཧི་ལ་རི་ཁེ་ལིན་ལ་མི་མང་འོས་ཤོག་འཕེན་མཁན་གྱི་རྒྱབ་སྐྱོར་པ་མང་བ་བྱུང་རུང་། ད་ལྟ་ཌོ་ནལ་ཊམ་དང་ཧི་ལ་རི་ཁེ་ལིན་ཊོན་གཉིས་ལ་མི་མང་རྒྱབ་སྐྱོར་པའི་མང་ཉུང་འདྲ་མཉམ་ཆགས་ཡོད་པ་རེད།།

XS
SM
MD
LG