ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་སྲིད་འཛིན་འོས་མིའི་བགྲོ་གླེང་ནང་རྒྱ་ནག་གི་གནད་དོན་གླེང་པ།


ཁ་ས་གཟའ་ཟླ་བའི་དགོང་དྲོ་བྱས་པའི་ཨ་རིའི་སྲིད་འཛིན་བྷ་རག་ཨོ་བྷ་མ་དང་ཁོང་གི་ཁ་གཏད་སྤྱི་མཐུན་ཚོགས་ཁོངས་པའི་སྲིད་འཛིན་འོས་མི་མིཌ་ རོམ་ནི་གཉིས་བགྲོ་གླེང་གསུམ་པའི་མཐའ་མའི་སྐབས་སུ་ཨི་རན་དང་སི་རི་ཡ།་ལི་བི་ཡ་དང་ཨིསི་རལ་སོགས་པའི་ཐད་འཛིན་པའི་ཕྱི་འབྲེལ་སྲིད་ཇུས་ཀྱི་གནད་དོན་ཐོག་བགྲོ་གླེང་ཤུགས་ཆེ་བྱུང་བ་དང་དུས་མཚུངས་འོས་མི་གཉིས་ཀས་རྒྱ་ནག་གི་ཐད་སྲིད་ཇུས་འཛིན་ཕྱོགས་ཐད་གསལ་སྟོན་བྱས་པའི་ནང་སྐུ་ཞབས་རོམ་ནི་ཡིས་རྒྱ་ནག་དེ་བཞིན་དངུལ་ལོར་གྱི་ཛ་ཐང་ནང་བསླུ་ཁྲིད་བྱེད་མཁན་ཡིན་པ་འཐེར་འདོན་བྱེད་རྒྱུ་ཡིན་ཞེས་གསུངས་པ་དང་སྐུ་ཞབས་ཨོ་བྷ་མས་ཀྱང་རྒྱ་ནག་གི་ངོས་ནས་ཐོག་དྲང་བདེན་གྱི་ཚོང་འབྲེལ་ཡོང་བ་གནང་རྒྱུ་ཡིན་པའི་འགྲེལ་བརྗོད་གནང་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG