ངོ་འཕྲད་བདེ་བའི་དྲ་འབྲེལ།

༡༩༥༠་ཐམ་པ་ནས་༥༣་བར་དུ་བྱུང་བའི་ཀོ་རི་ཡའི་དམག་འཁྲུག་གི་རྗེས་སུ་ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་ཀྱིས་ཕན་ཚུན་ཕྱི་འབྲེལ་བཙུགས་མེད་པ་དང་། འདས་པའི་ལོ་ངོ་༦༠་ཡས་མས་ཤིག་ལ་ཕྱོགས་གཉིས་ཀས་མཉམ་འབྲེལ་རྒྱལ་ཚོགས་སུ་ཡོད་པའི་རང་གི་རྒྱུན་བཞུགས་སྐུ་ཚབ་བརྒྱུད་དེ་ཕར་ཚུར་འབྲེལ་བ་བྱེད་ཀྱི་ཡོད་རུང་། གཟའ་འཁོར་འདིར་ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་ལས་སྣེ་ཚོས་གནས་ཚུལ་སྤེལ་པ་ལྟར་ན། ཟླ་བ་འདིར་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་བྱང་ཀོ་རི་ཡར་ཕྱི་འབྲེལ་སྐུ་ཚབ་ཚོགས་པ་ཞིག་གཏོང་དགོས་མིན་ཐག་གཅོད་བྱ་འཆར་ཡོད་པ་དང་། ཨ་མི་རི་ཀའི་སྐུ་ཚབ་ཚོགས་པ་དེར་གཞུང་འབྲེལ་སྐུ་ཚབ་རོ་བྷར་ཊི་ཁིང་གིས་འགོ་ཁྲིད་དེ། བྱང་ཀོ་རི་ཡའི་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཛ་དྲག་གི་མུག་སྐྱོབ་རོགས་རམ་ཞུས་པ་དེར་ཞིབ་འཇུག་བྱ་འཆར་ཡོད་པ་རེད།

XS
SM
MD
LG