ངོ་འཕྲད་བདེ་བའི་དྲ་འབྲེལ།

བྱང་ཀོ་རིཡར་འགེལ་འཆར་ཡོད་པའི་ཉེས་ཆད་གསར་པ།


བྱང་ཀོ་རི་ཡར་འགེལ་འཆར་ཡོད་པའི་ཉེས་ཆད་གསར་པ་དང༌། ད་དུང་བྱང་ཀོ་རི་ཡར་ཆེད་དུ་དམིགས་པའི་བྱ་ཐབས་དེ་དག་ལ་འགྲེལ་བཤད་རྒྱག་པར་ཨ་མི་རི་ཀའི་སྐུ་ཚབ་ཚོགས་པ་ཞིག་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་གཟིགས་ཞིབ་ཏུ་ཕེབས་ཡོད་པ་དང༌། དེང་སྐབས་དཔལ་འབྱོར་གྱི་དཀའ་ངལ་ཆེས་ཆེར་འཕྲད་བཞིན་པའི་བྱང་ཀོ་རི་ཡར་ཨ་སྒོར་ས་ཡ་མང་པོའི་དགོས་མཁོ་ཡོད་པ་སྒྲུབ་ཐབས་སུ་ནག་ཚོང་དང་ཁྲིམས་འགལ་གྱི་ཚོང་ལས་གཉེར་གྱི་ཡོད་ཀྱང༌། བྱང་ཀོ་རི་ཡས་ཁྲིམས་འགལ་གྱི་ཚོང་ལས་དེ་དག་མཚམས་འཇོག་བྱེད་པར་ཨ་མི་རི་ཀས་དམར་ཤོག་རྒྱལ་ཁབ་དེར་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་གསར་པ་འགེལ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་དང༌། ཉེ་ཆར་ཨ་མི་རི་ཀས་ཕྱིར་བསྒྲགས་བྱས་པའི་ཉེས་ཆད་བཙན་འགེལ་གྱི་ལས་ཐབས་ཁོངས་སུ་བྱང་ཀོ་རི་ཡར་ཚོང་འབྲེལ་ཡོད་པ་སྟེ། ཁྲིམས་འགལ་གྱི་ཚོང་ལས་གཉེར་གྱི་ཡོད་པའི་བཟོ་ཚོང་ལས་ཁང་ཁག་གི་མིང་ཐོ་དེ་རྣམས་འཛམ་གླིང་ཡོངས་སུ་ཕྱིར་སྒྲགས་བྱ་རྒྱུ་ཡིན་པར་བརྟེན། ཉམས་ཞིབ་པ་ཚོས་ལས་ཐབས་དེས་བྱ་ཀོ་རི་ཡར་གནོན་ཤུགས་ཐེབས་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG