ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་ལིའུ་ཤའོ་པོ་ལ་ཆེ་བསྟོད།


ཨ་མི་རི་ཀའི་གནད་ཡོད་གྲོས་ཚོགས་འཐུས་མི་ཁག་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་པ་མང་པོ་ཞིག་རྒྱལ་ཡོངས་གྲོས་ཚོགས་སུ་ལྷན་འཛོམས་གནང་སྟེ། ཁོང་ཚོས་རྒྱ་ནག་གི་དམངས་གཙོ་དོན་གཉེར་པ་ལིའུ་ཤའོ་པོ་ཡིས་རང་ཡུལ་ལ་ཞི་བའི་སྒོ་ནས་ཆབ་སྲིད་སྒྱུར་བཅོས་གཏོང་དགོས་པའི་ལས་འགུལ་རིམ་པ་ཞིག་སྤེལ་པའི་མཛད་རྗེས་ཁག་ལ་བསྔགས་བརྗོད་བྱས་པ་དང་། ཁོང་ལ་ཕྱི་ལོ་༢༠༡༠་ཐམ་པའི་འཛམ་གླིང་གི་ཎོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་འོས་ཤིང་འཚམ་པ་ཞིག་ཡིན་རུང་། རྒྱ་ནག་གཞུང་གིས་ལིའུ་ཤའོ་པོ་ལ་ལོ་༡༡་གི་ཁྲིམས་ཐག་བཅད་ནས་བཙོན་ཁང་དུ་བཅུག་ཡོད་པ་དང་། ཁོང་གི་བཟའ་ཟླ་ལིའུ་ཤཱ་ཡང་རང་ཁྱིམ་ལ་བཟང་བཙོན་དུ་བཅུག་སྟེ། ཁོང་ཚོར་རང་དབང་མེད་པར་ལོ་འདིའི་ཎོ་བེལ་ཞི་བདེའི་གཟེངས་རྟགས་ཀྱང་བཞེས་ཐུབ་ཀྱི་མེད་པ་ཧ་ཅང་བློ་ཕམ་གྱི་གནས་ཚུལ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་འཕྲད་དུ་ལིའུ་ཤའོ་པོ་བཟའ་ཚང་གཉིས་བཙོན་འཇུག་དང་བཟང་བཙོན་འོག་ནས་གློད་གྲོལ་གཏོང་དགོས་ཞེས་ནན་བརྗོད་བྱས་ཡོད་པ་རེད།།

XS
SM
MD
LG