ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་དང་ལྷོ་བྱང་ཀོ་རི་ཡ་གཉིས།


གཟའ་འཁོར་འདིར་ལྷོ་ཀོ་རི་ཡའི་གཞུང་གིས་ཨ་མི་རི་ཀ་དང་རྒྱ་ནག་གི་མཐོ་རིམ་སྐུ་ཚབ་ཁག་ཅིག་ལ་སྣེ་ལེན་བྱས་པ་དང་། ལྷོ་ཀོ་རི་ཡའི་སྐུ་ཚབ་ཅིག་ར་ཤི་ཡར་འཚམས་འདྲིར་ཕེབས་ནས་ར་ཤི་ཡའི་གཞུང་འབྲེལ་མི་སྣ་ཚོར་གྲོས་མོལ་བྱས་ཤིང་། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེའི་ལས་རོགས་དང་བྱང་ཀོ་རི་ཡའི་སྐུ་ཚབ་ཅིག་ཡོ་རོབ་རྒྱལ་ཁབ་སུད་ཛར་ལན་ཌེའི་འཇི་ཎི་བ་གྲོང་ཁྱེར་དུ་ཐུག་འཕྲད་གྲོས་མོལ་བྱས་པ་དང་། གཟའ་ཕུར་བུའི་ཉིན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེའི་ལས་རོགས་གློ་བུར་དུ་ལྷོ་ཀོ་རི་ཡར་ཕེབས་ནས་རྒྱ་ནག་དང་ལྷོ་ཀོ་རི་ཡ། ཨ་མི་རི་ཀའི་སྐུ་ཚབ་རྣམ་པའི་ཚོགས་འདུ་དེར་མཉམ་ཞུགས་བྱས་པ་མ་ཟད། བྱང་ཀོ་རི་ཡའི་གསར་འགྱུར་ལས་ཁང་གིས་ཀྱང་རང་གི་སྐུ་ཚབ་ཅིག་གིས་འཇི་ཎི་བ་གྲོང་ཁྱེར་དུ་ཨ་མི་རི་ཀའི་སྐུ་ཚབ་ཅིག་ལ་གྲོས་མོལ་བྱས་པ་དེར་གྲུབ་འབྲས་གང་ཙམ་ཞིག་ཐོན་རུང་། ད་དུང་ཡང་ཕྱོགས་གཉིས་ཀས་གྲོས་མོལ་མང་ཙམ་བྱེད་དགོས་ཞེས་ཁྱབ་བསྒྲགས་བྱས་པ་དང་། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེའི་ལས་རོགས་ཁེམ་བྷོལ་གྱིས་ཀྱང་ལྷོ་རི་ཡའི་ཕྱི་སྲིད་བློན་ཆེན་གཞོན་པ་དང་ལྷན་དུ་གསར་འགོད་ལྷན་ཚོགས་ཤིག་སྐོང་སྟེ། ཁོང་གིས་བྱང་ཀོ་རི་ཡའི་སྐུ་ཚབ་ལ་གྲོས་མོལ་བྱས་པ་དེར་གྲུབ་འབྲས་གང་ཙམ་ཞིག་ཐོན་པ་ངོས་ལེན་བྱས་ཡོད་པ་རེད།

XS
SM
MD
LG