ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་གར་དང་ཨ་རི་གཉིས་མཚོ་འོག་དམག་གྲུ་འགོག་སྲུང་མཉམ་འབྲེལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་གར་གྱི་རྒྱལ་སྲུང་མི་སྣ་ཚོས་རྒྱ་གར་དང་ཨ་རི་གཉིས་རྒྱ་གར་རྒྱ་མཚོའི་ནང་དུ་མཚོ་འོག་དམག་གྲུ་འགྲོ་འོང་ལ་ཚོད་འཛིན་བྱ་རྒྱུར་རྒྱལ་ཁབ་གཉིས་ཀྱི་མཚོ་དམག་མཉམ་འབྲེལ་དང་རོགས་ཕན་སྒྲུབ་ཕྱོགས་སུ་གྲོས་མོལ་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་བྱས་འདུག་ཅིང་། འདི་ནི་རྒྱ་ནག་གི་མཚོ་དམག་གིས་རྒྱ་གར་རྒྱ་མཚོ་དམིགས་འབེན་འཛིན་རྒྱུ་ཚད་མཐོ་རུ་གཏོང་བཞིན་པ་དེར་ཨ་རི་དང་རྒྱ་གར་གཉིས་སེམས་འཚབ་ཆེ་རུ་སོང་བ་ཞིག་ཡིན་པ་དང་། ལྷག་པར་དུ་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་བདག་དབང་རྩོད་གླེང་གི་རྣོ་ངར་ཆེ་རུ་གཏོང་གི་ཡོད་པ་དེས་རྒྱ་གར་རྒྱ་མཚོའི་ནང་དུ་རྒྱ་གར་གྱི་དབང་ཤུགས་ཡོད་མུས་ལ་དོ་ཕོགས་འགྲོ་ཉེན་ཡོད་པ་མཐོང་གི་ཡོད་པ་མ་ཟད། རྒྱ་གར་གྱིས་ལོ་བཅུ་ཕྲག་མང་པོའི་རིང་ལ་ཨ་རི་དང་དམག་དོན་འབྲེལ་བ་བྱ་རྒྱུ་མིན་པའི་ལངས་ཕྱོགས་བཟུང་ཡོད་པ་དེ་དོར་ནས་ཟླ་བ་སྔོན་མར་ཐེངས་དང་པོར་ཨ་རིའི་དམག་དོན་དཔོན་རིགས་རྣམས་རྒྱ་གར་གྱི་དམག་སྒར་ཁག་ལ་ལྟ་སྐོར་དུ་ཁྲིད་ཡོད་པ་དང་། རྒྱ་གར་ལ་རྒྱ་ནག་གི་ཁ་གཏད་གཅོག་ཐུབ་པའི་དམག་དོན་འཕྲུལ་རིག་ལག་རྩལ་ཡོད་མེད་ཀྱང་རྟོག་ཞིབ་བྱེད་དུ་ཡོད་པ་རེད།།

XS
SM
MD
LG