ངོ་འཕྲད་བདེ་བའི་དྲ་འབྲེལ།

སྲིད་འཛིན་ཨོ་བྷ་མས་མི་མང་དབུལ་ཕོངས་ལ་དམིགས་ནས་འཕྲོད་བསྟེན་ལྟ་སྐྱོང་གི་བཅའ་ཁྲིམས་ཤིག་གཏན་འབེབས་བྱས་ནས་བཟུང་། སྤྱི་མཐུན་ཚོགས་པའི་འཐུས་མི་གྲངས་མང་ཡོད་པའི་ཨ་རིའི་གྲོས་ཚོགས་འོག་མས་སྲིད་འཛིན་ཨོ་བྷ་མའི་འཕྲོད་བསྟེན་ལྟ་སྐྱོང་གི་བཅའ་ཁྲིམས་དེ་ལག་ལེན་བསྟར་རྒྱུ་ཕྱིར་འཐེན་མ་བྱས་ཚེ། ཁོ་ཚོས་ཨ་མི་རི་ཀའི་དབུས་གཞུང་གི་ལོ་རེའི་འགྲོ་གྲོན་ལ་ཆོག་མཆན་འགོད་རྒྱུ་མིན་ཞེས་དབུས་གཞུང་གི་འགྲོ་གྲོན་ལ་ཆོག་མཆན་འགོད་རྒྱུ་ཐེངས་གསུམ་བཀག་པ་དང་། དེ་བཞིན་དམངས་གཙོ་ཚོགས་པའི་འཐུས་མི་གྲངས་མང་ཡོད་པའི་ཨ་རིའི་གྲོས་ཚོགས་གོང་མས་སྤྱི་མཐུན་ཚོགས་པའི་འཐུས་མི་གྲོངས་མང་ཡོད་པའི་གྲོས་ཚོགས་འོག་མའི་ནང་དུ་ཐག་གཅོད་བྱས་པ་དེར་ཆོད་སློག་ཐེངས་གསུམ་བྱས་ཏེ། ད་ལྟ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་སམ། ཡང་ན་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པ་གཉིས་སྲིད་འཛིན་ཨོ་བྷ་མའི་འཕྲོད་བསྟེན་ལྟ་སྐྱོང་གི་བཅའ་ཁྲིམས་ལག་ལེན་བསྟར་ཕྱོགས་དང་། ཨ་རིའི་དབུས་གཞུང་གི་ལོ་རེའི་འགྲོ་གྲོན་ལ་ཆོག་མཆན་འགོད་རྒྱུ་གཉིས་འབྲེལ་བ་མཐུད་དེར་ལྟ་བ་མ་མཐུན་པར་གྲོས་འཆམ་གཏན་ནས་བྱུང་མེད་པས། མདང་དགུང་མཚན་དཀྱིལ་ནས་ཨ་རིའི་དབུས་གཞུང་གི་གནད་འགག་མེད་པའི་ལས་ཁུངས་ཁག་ཅིག་སྒོ་བརྒྱབ་སྟེ། དེང་སྐབས་ཨ་རིའི་དབུས་སྲིད་གཞུང་སྲི་ཞུ་ལས་བྱེད་པ་ས་ཡ་གཉིས་ལྷག་པ་ཡོད་དེའི་ཁོངས་ནས་ལས་བྱེད་པ་འབུམ་༨་ཡས་མས་ཤིག་དུས་ཡུན་ངེས་མེད་ཀྱི་རིང་ལ་ལས་ཀ་དང་གླ་ཕོགས་མེད་པར་རང་ཁྱིམ་དུ་འདུག་དགོས་བྱུང་ཡོད་པ་རེད།།
XS
SM
MD
LG