ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་དྲག་གནོན་ལ་ཨ་རིས་སྐྱོན་བརྗོད།


ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་གཞུང་ལ་རྔ་བའི་མི་མང་དང་ཀིརྟི་དགོན་པའི་གྲྭ་དམངས་ལ་དྲག་གནོན་བྱེད་རྒྱུ་མཚམས་འཇོག་བྱ་དགོས་ཤིང་། བོད་མི་མང་གི་ཆོས་དད་རང་དབང་གི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་བརྩི་འཇོག་བྱེད་དགོས་པ་དང་། ཉེ་དུས་ཤིག་ནས་རྒྱ་ནག་གི་དྲག་ཆས་ཉེན་རྟོག་པ་ཚོས་སི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་ཡོད་པའི་རྔ་བ་ཀིརྟི་དགོན་པར་དྲག་གནོན་བྱེད་ཀྱི་ཡོད་པ་དེ་ནི། འཛམ་གླིང་སྤྱི་ཡོངས་སུ་ངོས་འཛིན་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་དང་། རྒྱལ་སྤྱིའི་ཐོག་ཏུ་ངོས་ལེན་ཡོད་པའི་ཆོས་དད་རང་དབང་གི་ཐོབ་ཐང་གཉིས་ལ་འགོལ་འཛོལ་བྱེད་ཀྱི་ཡོད་པ་ཞིག་ཡིན་ཞེས་སྐྱོན་བརྗོད་བྱས་ཡོད་པ་རེད།།

XS
SM
MD
LG