ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་རིའི་གཞུང་ཞབས་པའི་རྒས་ཕོགས་དང་རྒྱ་ནག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཉེ་ཆར་ཟླ་བ་སྔོན་མར་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་མར་ཁོ་རུ་བྷིའོ་དང་ཤཱ་ཧིན་རྣམ་གཉིས་ཀྱིས་ཨ་མི་རི་ཀའི་དབུས་གཞུང་གི་བགྲེས་ཡོལ་ལས་བྱེད་པའི་རྒས་ཕོགས་བདག་གཉེར་ལྷན་ཚོགས་ཏེ། མ་རྐང་ཚོང་འབྲེལ་འགན་འཛིན་ལྷན་ཚོགས་ལ་སྙན་ཞུ་ཞིག་ཕུལ་ནས་ཨ་མི་རི་ཀའི་གཞུང་ཞབས་ཀྱི་རྒས་ཕོགས་གསོག་འཇོག་མ་དངུལ་རྣམས་རྒྱ་ནག་གི་ཐེ་གཏོགས་བྱེད་པའི་རྒྱལ་སྤྱིའི་མ་རྐང་ཚོང་ལས་ཤིག་ལ་མ་རྩ་བཙུགས་ནས་ཚོང་གཉེར་རྒྱུའི་ཐག་གཅོད་བྱུང་བ་ཕྱིར་འཐེན་བྱ་དགོས་པའི་འབོད་སྐུལ་ཞུས་འདུག

གྲོས་ཚོགས་འཐུས་མི་མར་ཁོ་རུ་བྷིའོ་ཡིས་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་ལ་སྒེར་བདག་བཟོ་ཚོང་ལས་ཁང་ཟེར་པ་ཞིག་མེད་ཅིང་། རྒྱ་ནག་གི་ཚོང་ལས་སྒྲིག་འཛུགས་ཐམས་ཅད་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ལག་ཆ་ལྟ་བུ་ཞིག་རེད། དེར་བརྟེན་དྲི་བ་དང་པོ་ནི་ཨ་མི་རི་ཀའི་ཚོང་འབྲེལ་མ་རྩའི་དངུལ་སྒོར་རྣམས་ཨ་མི་རི་ཀའི་དཔལ་འབྱོར་དང་རྒྱལ་ཁབ་ཀྱི་བདེ་དོན་ལ་གནོད་སྐྱོན་གཏོང་ཐབས་བྱེད་མཁན་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་མཉམ་འབྲེལ་བྱེད་ཀྱི་ཡོད་མེད་རྟོག་ཞིབ་བྱ་དགོས་ཞེས་ནན་བརྗོད་བྱས་ཡོད་པ་རེད།

སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཤཱ་ཧིན་གྱིས་ཨ་རི་དབུས་གཞུང་གི་རྒས་ཕོགས་བཀར་འཇུག་འགན་འཛིན་ལྷན་ཚོགས་ལ་ཕུལ་བའི་སྙན་ཞུ་དེར་ཨ་མི་རི་ཀའི་སྤྱི་དམངས་ཀྱི་རྒས་ཕོགས་མ་དངུལ་རྣམས་རྒྱ་ནག་གི་ཐེ་གཏོགས་བྱེད་པའི་རྒྱལ་སྤྱིའི་མ་རྐང་ཚོང་ལས་ཁག་ལ་འཛུགས་འཇོག་བྱ་རྒྱུའི་ཐག་གཅོད་བྱུང་བ་ཕྱིར་བསྡུ་བྱ་དགོས། རྒྱལ་སྤྱིའི་མ་རྐང་ཚོང་ལས་སྒྲིག་འཛུགས་དེར་རྒྱ་ནག་གི་མ་རྐང་བརྒྱ་ཆ་༨ དང་ཕྱེད་ཀ་ལྷག་གི་ཚོང་སྐལ་ཡོད་རེད་ཅེས་མཛུབ་སྟོན་གནང་ནས་ཨ་མི་རི་ཀའི་གཞུང་ཞབས་པའི་རྒས་ཕོགས་ཨ་སྒོར་ཐེར་འབུམ་༥༠་ལྷག་ཡོད་པ་དེ་དག་རྒྱ་ནག་དམར་ཤོག་ཚོགས་པའི་མ་རྐང་ཚོང་རའི་ནང་དུ་འཛུགས་ཉེན་ཀ་འདུག་ཅེས་་ཉེན་བརྡ་བཏང་ཡོད་པ་རེད། ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་མར་ཁོ་རུ་བྷིའོ་དང་ཤཱ་ཧིན་རྣམ་གཉིས་ཀྱིས་ ཨ་མི་རི་ཀའི་གཞུང་ཞབས་ལས་བྱེད་པའི་རྒས་ཕོགས་མ་དངུལ་རྣམས་རྒྱ་ནག་དམར་ཤོག་ཚོགས་པས་སྟངས་འཛིན་བྱེད་པའི་མ་རྐང་ཚོང་རའི་ནང་ནས་ཕྱིར་འཐེན་བྱ་དགོས་པའི་འབོད་སྐུལ་ཞུས་པ་ནི་ཨ་མི་ཀ་རི་ཀ་དང་རྒྱ་ནག་གི་དངོས་ཟོག་ལ་ཕྱོགས་གཉིས་ཀས་ཨ་སྒོར་ཐེར་འབུམ་མང་པོའི་སྒོ་ཁྲལ་ཕར་སྣོན་བཀལ་ནས་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་ཚོང་དོན་འཐབ་རྩོད་ཇེ་ཆེར་འགྲོ་བཞིན་པའི་སྐབས་སུ་བྱུང་ཡོད་པ་རེད།།

XS
SM
MD
LG