ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་མི་རི་ཀའི་བར་མའི་འོས་འདེམས་མཇུག་བསྒྲིལ།


ཨ་མི་རི་ཀའི་བར་མའི་འོས་འདེམས་མཇུག་བསྒྲིལ།

ཨ་མི་རི་ཀའི་བར་མའི་འོས་འདེམས་སྐབས་སུ་གྲོས་ཚོགས་གོང་མའི་འཐུས་མི་གསུམ་ཆ་གཅིག་དང་། གྲོས་ཚོགས་འོག་མའི་འཐུས་མི་ཚང་མ་འདེམས་བསྐོ་བྱེད་ཀྱི་ཡོད་པ་དང་། ཕྱི་ལོ་༢༠༡༠་ཐམ་པའི་འོས་འདེམས་སྐབས་སུ་སྤྱི་མཐུན་ཚོགས་པར་སྔར་ཡོད་གདན་ཐོབ་དེ་དག་གི་ཐོག་ཏུ་འཐུས་མི་གསར་པ་༥༠་ཐམ་པའི་གདན་གྲངས་གསར་དུ་ཐོབ་པར་བརྟེན། ད་ནས་ཕྱི་ལོ༢༠༡༢་བར་དུ་ཨ་མི་རི་ཀའི་གྲོས་ཚོགས་འོག་མ་སྤྱི་མཐུན་ཚོགས་པས་དབང་འཛིན་བྱེད་རྒྱུ་དང་། ད་དུང་ཨ་རིའི་གྲོས་ཚོགས་གོང་མའི་ནང་དུའང་སྤྱི་མཐུན་ཚོགས་པར་འཐུས་མི་འགའ་ཞིག་གི་གདན་གྲངས་གསར་དུ་ཐོབ་རུང་། ཁོང་ཚོར་འཐུས་མི་གྲངས་མང་གི་རྒྱལ་ཁ་ཐོབ་མེད་པ་དང་། དེར་བརྟེན་ཕྱི་ལོ་༢༠༡༢་བར་དུ་ཨ་མི་རི་ཀའི་གྲོས་ཚོགས་གོང་མ་སྔར་བཞིན་དམངས་གཙོ་ཚོགས་པས་དབང་འཛིན་བྱེད་རྒྱུ་ཡིན་མོད། འོན་ཀྱང་མདང་དགོང་གསར་དུ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་མཁན་ཁན་ཊ་ཀི་མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་རོན་ཕོལ་གྱིས་རང་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པའི་གཏམ་བཤད་བྱས་པ་ལྟར་ན། ད་ལོའི་འོས་འདེམས་ཀྱི་གྲུབ་འབྲས་དེས་སྲིད་འཛིན་ཨོ་བྷ་མའི་སྲིད་གཞུང་ལ་བརྡ་འཕྲིན་གསལ་བོ་ཞིག་བཏང་ཡོད་པ་དང་། ཁོང་གིས་ཨ་མི་རི་ཀའི་གཞུང་གིས་ཕྱོགས་གང་ཐད་དུ་ཐེ་གཏོགས་བྱེད་རྒྱུ་མང་དྲགས་ཀྱི་ཡོད་པའི་དུས་སྐབས་དེ་མཇུག་བསྒྲིལ་དགོས་ཞེས་བཤད་ཡོད་པ་རེད།།

XS
SM
MD
LG