ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨི་ཇེབ་ཀྱི་དམག་གིས་རྒྱབ་སྐྱོར་ཡོད་པའི་བར་བརྒལ་སྲིད་གཞུང་གིས་སྲིད་འཛིན་ཟུར་པ་མཱོར་སིའི་རྒྱབ་སྐྱོར་པ་མི་༧༠༠་ཙམ་ལ་སྲོག་ཁྲིམས་བཅད་པ་དང་། ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་གཙོ། ཕེཏ་རིཀ་ལེ་ཧི་ཡིས་ཨི་ཇེབ་ཀྱི་ཁྲིམས་ཁང་གིས་སྡེབ་གཅིག་ལ་མི་༧༠༠་ཙམ་ལ་སྲོག་ཁྲིམས་བཅད་པ་ངོ་ཚ་དགོས་པ་ཞིག་ཡིན་ཞིང་། ཨི་ཇེབ་ཀྱི་གཞུང་འབྲེལ་མི་སྣ་ཚོས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རྫི་དང་ཁྲིམས་འཛིན་ལམ་ལུགས་ལ་བརྩི་མེད་བཏང་ཡོད་ཅིང་། ཨི་ཇེབ་ཀྱི་དམག་གིས་རྒྱབ་སྐྱོར་ཡོད་པའི་བར་བརྒལ་སྲིད་གཞུང་གིས་ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་ལ་བརྩི་འཇོག་བྱེད་ཀྱི་ཡོད་པའི་རྟགས་མཚན་ཞིག་མ་ཐོན་ཚེ། ཨ་མི་རི་ཀས་དེའི་བར་དུ་ཨི་ཇེབ་ལ་དཔལ་འབྱོར་རོགས་རམ་སྤྲོད་རྒྱུ་མཚམས་འཇོག་བྱེད་རྒྱུ་ཡིན་ཞེས་ཨ་རིའི་གྲོས་ཚོགས་སུ་གཏམ་བཤད་བྱས་ཡོད་པ་རེད།
XS
SM
MD
LG