ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་མེ་རི་ཀའི་གྲོས་ཚོགས་ལྷན་ཁང་འདི་བཞིན། ཆབ་སྲིད་འཐབ་རྩོད་ཀྱི་ རྩོད་རྙོག་འོག་ཚུད་པའི་རྐྱེན་གྱིས། རེས་གཟའ་མིག་དམར་གྱི་ཉིན། ཨ་མེ་ རི་ཀའི་སྲིད་གཞུང་གི་ཆ་ཤས་ཤིག་སྒོ་བརྒྱབ་དགོས་སུ་འགྱུར་རྒྱུའི་རྣམ་པ་ ཡོད་པ་འདི་ནི། འདས་པའི་ལོ་ངོ་༡༧གྱི་དུས་རིང་སྲིད་གཞུང་སྒོ་བརྒྱབས་པའི་ གནས་ཚུལ་ཐོག་མ་དེ་ཆགས་རྒྱུ་ཡིན་པ་དང་། སྲིད་འཛིན་ཨོ་བྷ་མའི་འཕྲོད་ བསྟེན་ལྟ་སྐྱོང་གི་ལས་འཆར་བཀག་འགོག་བྱ་རྒྱུར་དམིགས་པའི་བྱ་ཐབས་ གསར་ཤོས་ཤིག་ལ་ སྤྱི་མཐུན་ཚོགས་ཁོངས་གྲོས་ཚོགས་འོག་མའི་འཐུས་མི་ རྣམས་ཀྱིས་མོས་མཐུན་གྱི་ཆོག་མཆན་གནང་ཡོད་ཀྱང་། སྲིད་འཛིན་ཨོ་ བྷ་མ་དང་། གྲོས་ཚོགས་གོང་མའི་ནང་གི་དམངས་གཙོ་ཚོགས་པའི་མཐུན་ ཕྱོགས་འཐུས་མི་རྣམས་ཀྱིས། སྤྱི་མཐུན་ཚོགས་པའི་གྲོས་ཚོད་དེར་མོས་མཐུན་ ནམ་ཡང་བྱ་རྒྱུ་མིན་ལུགས་གསལ་པོར་བརྗོད་ཀྱི་ཡོད་པའི་སྐོར་འདི་ག་རླུང་ འཕྲིན་ཁང་གི་གྲོས་ཚོགས་ཀྱི་གནད་དོན་ཐད་ཀྱི་གསར་འགོད་པས་ཨ་རིའི་གྲོས་ཚོགས་ལྷན་ཁང་ནས་སྤེལ་བའི་གནས་ཚུལ་ཞིག་བྱང་ཆུབ་སྒྲོལ་མས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།
XS
SM
MD
LG