ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

རྒྱ་གར་གྱི་འོས་བསྡུ་ལམ་ལྷོངས་ལྡན་པ་བྱུང་བར་ཨ་རིས་འཚམས་འདྲི།


ཨ་རིའི་སྲིད་འཛིན་ལས་ཁུངས་ཀྱིས་རྒྱ་གར་གྱི་སྲིད་བློན་ལ་འདེམས་ཐོན་བྱུང་བ་ན་རེན་ཌྲ་ མོ་དྷི་ཨ་རིར་ག་དུས་ཕེབས་ནའང་དགའ་བསུ་ཡོད་ཅེས་གསུངས་ཏེ་ཁོང་དང་ཁོང་གིས་དབུ་ཁྲིད་པའི་བྷི་ཇེ་པི་སྲིད་དོན་ཚོགས་པར་འོས་བསྡུའི་ནང་རྒྱལ་ཁ་ཤུགས་ཆེ་ཐོབ་པར་འཚམས་འདྲི་གནང་འདུག་པ་དང་། སྲིད་དོན་དབྱེ་ཞིབ་པ་ཚོས་རྒྱ་གར་གྱི་སྲིད་གཞུང་གསར་པས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུར་ཁས་ལེན་བྱས་ཡོད་པ་བཞིན་བྷི་ཇེ་པི་ལ་རྒྱལ་ཁ་ཐོབ་པ་དེས་ཨ་རི་དང་འབྲེལ་བ་བཟང་དུ་འགྲོ་རྒྱུར་ཚོད་དཔག་བྱེད་ཀྱི་ཡོད་པའི་སྐོར། འདི་ག་ཝི་ཨོ་ཨེ་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཝིཀ་ཌོར་ བྷེ་ཊིས་བཏང་བའི་གནས་ཚུལ་དེ་རྣམ་རྒྱལ་ཤཱསྟྲིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG