ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉི་མ་གསུམ་གྱི་གོང་དེར་ཞིན་ཅང་གི་ཡུ་གུར་པ་དང་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པ་ཚོ་འཁྲུག་རྩོད་བྱུང་བ་དང་། ཕྱི་ཟླ་༧་ཚེས་༣༠་ཉིན་རྒྱ་ནག་གཞུང་གིས་ཡུ་གུར་པའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔལ་འབྱོར་རིག་པའི་དགེ་རྒན། ཨིལ་ཧམ་དཱོ་ཏི་ལ་ཁ་བྲལ་གྱི་ལས་འགུལ་པའི་ནག་ཉེས་བཙུགས་ཏེ། ཁོང་ལ་གང་མགྱོགས་ཁྲིམས་ཐག་གཅོད་སྲིད་པའི་ཉེན་ཀ་ཡོད་པ་དང་། དེར་བརྟེན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ལོ་འདིའི་ཕྱི་ཟླ་དང་པོ་ནས་རྒྱ་ནག་གཞུང་གིས་དགེ་རྒན་ཆེན་མོ་ཨིལ་ཧམ་དཱོ་ཏི་དང་། ཁོང་གི་སློབ་ཕྲུག་༦་བཅས་མི་༧་བཀག་ཉར་བྱས་ཡོད། ད་ལྟ་དགེ་རྒན་ཆེན་མོ་ཨིལ་ཧམ་དཱོ་ཏི་ལ་ཁ་བྲལ་གྱི་སྤེལ་པའི་ནག་ཉེས་བཙུགས་པ་བློ་འཚབ་བྱ་དགོས་པ་ཞིག་རེད་ཅེས་བཤད་འདུག

XS
SM
MD
LG