ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་ཨ་མི་རི་ཀའི་ཚོང་དོན་ལས་ཁང་ཁག་གི་འགོ་ཁྲིད་ཚོ་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། ད་ཐེངས་ཀྱི་ཚོགས་འདུ་དེར་པེ་ཅིང་དུ་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་པ་གྷེ་རི་ལོཀ་མཉམ་ཞུགས་བྱས་ཏེ། ཁོང་གིས་འདས་པའི་ལོ་༣༠་རིང་དེར་རྒྱ་ནག་གི་དཔལ་འབྱོར་སྒྱུར་བཅོས་བཏང་བའི་གྲུབ་འབྲས་དང་མྱུར་ཚད་བཅས་ལ་བསྔགས་བརྗོད་བྱེད་འོས་པ་དང་། དཔལ་འབྱོར་དང་ཚོང་དོན་སྲིད་ཇུས་ཅི་ཙམ་ཕྱི་གསལ་ནང་གསལ་བྱས་པ་དེ་ཙམ་གྱིས་རྒྱ་ནག་སྔར་ལས་ལྷག་པའི་ཡར་རྒྱས་འགྲོ་རྒྱུ་དེར་ཕན་ཐོག་ཡོད། ཡིན་ནའང་ད་ལྟ་རྒྱ་ནག་གི་དཔལ་འབྱོར་དང་ཚོང་དོན་སྲིད་ཇུས་ཁག་ཅིག་གཞུང་གིས་སྟངས་འཛིན་བྱས་པའི་དུས་སྐབས་དེར་ཕྱིར་ལོག་རྒྱག་གི་ཡོད་པའི་རྟགས་མཚན་མང་པོ་ཞིག་ཡོད་པ་དང་། ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་རྒྱ་ནག་གི་ས་ཐོག་ཏུ་ཚོང་ལས་གཉེར་པར་འགོག་རྐྱེན་འཕྲད་རྒྱུ་ཇེ་མང་དུ་འགྲོ་བཞིན་ཡོད་ཅེས་གཏམ་བཤད་བྱས་ཡོད་པ་རེད།

XS
SM
MD
LG