ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་དང་ཨ་མི་རི་ཀའི་དམག་དོན་འབྲེལ་བ།


རྒྱ་ནག་དང་ཨ་མི་རི་ཀའི་དམག་དོན་འབྲེལ་བ།

ཨ་མི་རི་ཀའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་མེཀ་མུ་ལན་དང་། རྒྱ་ནག་གི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་ཁྲེན་བིང་ཏེ་གཉིས་ཐུག་འཕྲད་བྱས་ཏེ། ཁོང་ཚོས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་ཡོད་པའི་གླིང་ཚོམ་འགའ་ཞིག་གི་བདག་དབང་ལ་ཨེ་ཤེ་ཡའི་རྒྱལ་ཁབ་འགའ་ཞིག་གིས་བདག་རྩོད་བྱེད་ཀྱི་ཡོད་པའི་གནས་དོན་དང་། ཨ་མི་རི་ཀས་ཐེ་ཝན་ལ་མཚོན་ཆ་བཙངས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་སོང་བ། ཨ་མི་རི་ཀའི་དྲ་རྒྱའི་འབྲེལ་མཐུད་ལ་གཏོར་བརླག་བྱས་པའི་འབྱུང་རྩ་རྒྱ་ནག་ལ་ཐུག་ཡོད་པ་སོགས་ལ་གྲོས་མོལ་བྱས་པ་དང་། རྒྱ་ནག་དང་ཨ་མི་རི་ཀའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་གཉིས་ཀས་ཐེངས་འདིའི་གྲོས་མོལ་ལྷུག་པོ་དང་ཡག་པོ་ཞིག་བྱུང་སོང་ཞེས་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་བྱས་རུང་། ཉེ་ཆར་ཨ་མི་རི་ཀ་དང་ཨེ་ཤེ་ཡའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་མཉམ་བྱས་འབྲེལ་དམག་སྦྱོང་བྱས་པ་དང་། རྒྱ་ནག་གི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པས་ཨ་མི་རི་ཀ་དང་དེའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་དམག་སྦྱོང་བྱེད་ཡུལ་དེ་ནི། རྒྱ་ནག་དང་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་བདག་རྩོད་བྱེད་ཀྱི་ཡོད་པའི་མཚོ་ཐོག་ཡིན་ཞེས་ཁ་རྡུང་དྲག་པོ་བཏང་བ་དང་། དམག་སྤྱི་ཁྲེན་བིང་ཏེ་ཡའི་སྐྱོན་བརྗོད་དེས་རྒྱ་ནག་དང་ཨ་མི་རི་ཀ་གཉིས་མི་མཐུན་པའི་འགལ་ཟླ་ཡོད་པ་སེལ་ཐུབ་མེད་པ་གསལ་བོ་མཚོན་ཡོད་པ་རེད།།

XS
SM
MD
LG