ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་འཐབ་འཛིང་གནམ་གྲུ་འཁྱེར་སྤྱད་དམག་གྲུ


རྒྱ་ནག་གི་འཐབ་འཛིང་གནམ་གྲུ་འཁྱེར་སྤྱད་དམག་གྲུ

རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་དེང་རབས་ཅན་ལ་སྒྱུར་ནས་ལོ་ངོ་༢༠་ཙམ་འགྲོ་བཞིན་ཡོད་པ་དང་། ཕྱི་ཟླ་༨་ཚེས་༡༠་ཉིན་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་འཁྱེར་སྤྱད་དམག་གྲུ་དང་པོ་དེ་དངོས་སུ་མཚོ་ཐོག་ཏུ་བཏང་ནས་ཚོད་ལྟ་བྱས་ཏེ། ཐེ་ཝན་དང་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་བདེ་འཇགས་སྲུང་སྐྱོབ་ལ་ཉེན་ཀ་གསར་པ་ཞིག་འཕྲད་ཀྱི་ཡོད་པ་དང་། དེར་བརྟེན་ཨ་མི་རི་ཀས་རྒྱ་ནག་ལ་འཐབ་འཛིང་གནམ་གྲུ་འཁྱེར་སྤྱད་དམག་གྲུ་ཞིག་དགོས་མཁོ་ཡོད་མེད། རྒྱ་ནག་གིས་འཐབ་འཛིང་གནམ་གྲུ་འཁྱེར་སྤྱད་དམག་གྲུ་ཆེན་པོ་ཞིག་ཉོ་སྒྲུབ་བྱེད་དགོས་པའི་དམིགས་ཡུལ་ཅི་ཡིན་དང་། རྒྱ་ནག་གི་མཚོ་དམག་སྟོབས་ཤུགས་ཡར་རྒྱས་བཏང་ན་ཨེ་ཤེ་ཡའི་ཞི་བདེ་བརྟན་ལྷིང་ཆ་མཉམ་མེད་པར་འགྲོ་སྲིད་པའི་ཉེན་ཀ་མེད་དམ་ཞེས་འདྲི་རྩོད་བྱས་ཡོད་པ་རེད།

XS
SM
MD
LG