ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་རྒྱལ་སའི་ནང་གླིང་ཆེན་ཨཕ་རི་ཀའི་དབུ་ཁྲིད་རྣམ་པ་ལྷན་ཚོགས།


ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཏོན་གྱི་ནང་གླིང་ཆེན་ཨ་ཕྷེ་རི་ཀའི་ཡུལ་གྲུ་ཁག་གི་དབུ་ཁྲིད་རྣམས་དང་། ཉི་མ་གསུམ་གྱི་རིང་ལྷན་ཚོགས་གནང་གི་ཡོད་པ་འདི་ནི་ལོ་རྒྱུས་ཀྱི་ནང་ཐེངས་དང་པོ་ཡིན་པ་རེད། ལྷན་ཚོགས་འདིའི་ནང་ཨ་ཕྷེ་རི་ཀའི་ཡུལ་གྲུ་ཁག་གི་བདེ་དོན་དང་ལྷག་དོན་དུ་དེང་སྐབས་ཨི་རྦོ་ལ་(Ebola) ཞེས་པའི་འགོས་ནད་དེ་འགོག་ཐབས་ཀྱི་ཐད་བཀའ་བསྡུར་གནང་གི་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འཕྲིན་ཁག་ནང་ཐོན་པའི་གནས་ཚུལ་འདི་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG