ཨི་སི་རེལ་དང་ལི་བྷེ་ནོན་གྱི་ལྷོ་ཕྱོགས་ས་མཚམས་ཁུལ་ལ་འཁྲུག་འཛིངས་བྱུང་བའི་རྗེས་དེ་རིང་གཟའ་ལྷག་པའི་ཉིན་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་གིས་རྗེས་ཕྱོགས་གཉིས་ལ་དམག་འཁྲུགས་མཚམས་འཇོག་བྱེད་དགོས་པའི་སྐུལ་མ་ནན་པོ་གནང་ཡོད་ཅིང་། གཟའ་མིག་དམར་ཉིན་ཕྱོགས་གཉིས་ཀྱི་ས་མཚམས་སུ་འཁྲུག་འཛིངས་བྱུང་སྐབས་ལི་བྷེ་ནོན་གྱི་དམག་མི་གསུམ་དང་ལི་བྷེ་ནོན་གྱི་གསར་འགོད་པ་གཅིག་འདས་གྲོངས་ཕྱིན་པ་དང་ཨི་སི་རེལ་གྱི་དམག་དཔོན་ཞིག་འདས་གྲོངས་ཕྱིན་ཡོད།