ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་དང་རྒྱ་ནག་གི་སྲིད་འཛིན་ཐུག་འཕྲད།


རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་ཡིས་མི་དམངས་ཚོགས་ཁང་ཆེན་མོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྷན་ཁི་མུན་ལ་ཐུག་འཕྲད་བྱས་པ་དང་། སྔ་ཉིན་དེར་རྒྱ་ནག་གི་སྲིད་བློན་དབུན་ཅ་པའོ་དང་འགོ་ཁྲིད་གཞན་པ་ཚོས་ཀྱང་ཧྲང་ཧེ་གྲོང་ཁྱེར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེར་ཐུག་འཕྲད་བྱས་ཏེ། རྒྱ་ནག་གི་འགོ་ཁྲིད་ཚོས་སྤྱི་ཁྱབ་དྲུང་ཆེ་བྷན་ཁི་མུན་གྱི་འགོ་ཁྲིད་འོག མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ཐམས་ཅད་ཕྱོགས་གང་ཐད་ནས་ཡར་རྒྱས་དང་འཐུས་ཚང་བྱུང་ཡོད་པར་རྗེས་སུ་ཡི་རང་ཞུ་རྒྱུ་དང་། རྒྱ་ནག་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་དོན་ཁག་ལ་བརྩི་སྲུང་བྱེད་བཞིན་ཡོད། དེར་བརྟེན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་རང་གི་རྩ་དོན་ཁག་རྒྱུན་འཁྱོངས་བྱེད་ཐུབ་པའི་རེ་བ་ཡོད་ཅེས་ཧུ་ཅིན་ཐའོ་ཡིས་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྷན་ཁི་མུན་ལ་གླེང་མོལ་བྱས་པ་དང་། སྐུ་ཞབས་བྷན་ཁི་མུན་གྱིས་རྒྱ་ནག་གཞུང་གིས་ཧྲང་ཧེ་གྲོང་ཁྱེར་ལ་འཛམ་གླིང་གི་འགྲེམས་སྟོན་ཆེན་མོ་གྲུབ་འབྲས་ལྡན་པ་ཞིག་ཚོགས་ཐུབ་ཡོད་པ་དེར་བཀྲ་ཤིས་བདེ་ལེགས་དང་བསྔགས་བརྗོད་གནང་ཡོད། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ལས་དོན་ཐོག་སྔར་ལས་ལྷག་པའི་ལས་འགན་ཆེ་ཙམ་འཁུར་ཐུབ་པའི་རེ་བ་ཡོད་ཅེས་བཀའ་མོལ་གནང་ཡོད་པ་རེད།།

XS
SM
MD
LG