ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བལ་ཡུལ་ནང་འཐེན་འཁྱེར་དབྱེ་འབྱེད་ཀྱི་རིགས་མཐའ་དག་རྩ་མེད་བཟོ་དགོས་གསུངས་པ།


བལ་ཡུལ་གཞུང་གིས་རྒྱལ་སྤྱིའི་གྲོས་མཐུན་ཆོད་ཡིག་ལ་བརྩི་སྲུང་ཞུས་ཏེ་ རིགས་རུས་དབྱེ་འབྱེད་ཀྱི་ལམ་སྲོལ་ངན་པའི་རིགས་མཐའ་དག་རྩ་མེད་བཟོ་དགོས་པ་ཡིན་ཞེས་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལས་ཁང་དང་ བལ་ཡུལ་རྒྱལ་ནང་གི་ལས་དོན་ཁང་ཞིག་གིས་རེ་བསྐུལ་ཞུས་ཡོད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG