ངོ་འཕྲད་བདེ་བའི་དྲ་འབྲེལ།

མེ་རི་ལེན་ཌི་གཙུག་ལག་སློབ་གྲྭས་༧གོང་ས་མཆོག་ལ་ཆེ་བསྟོད་ཕྱག་འཁྱེར་ཕུལ་བ།


གཟའ་མིག་དམར་ཉིན་འདི་ག་རྒྱལ་ས་ཝ་ཤིང་ཊོན་ཉེ་འཁྲིས་སུ་ཡོད་པའི་མེ་རི་ལེན་ཌི་གཙུག་ལག་སློབ་གྲྭར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་བརྩེའི་སྐོར་གསུང་བཤད་བརྩལ་གནང་བ་རེད། གཙུག་ལག་སློབ་གྲྭའི་སྙན་གྲགས་ཅན་གྱི་གསུང་བཤད་ཀྱི་ལས་རིམ་ཐོག་གོང་ས་མཆོག་གདན་ཞུ་ཕུལ་བ་བཞིན་ཆུ་ཚོད་ཕྱེད་ཀ་ལྷག་གསུང་བཤད་གནང་བ་དང་། གཙོ་བོ་ནང་སེམས་ཀྱི་བདེ་སྐྱིད་དང་བྱམས་བརྩེའི་སྐོར་གསུང་བཤད་གནང་པ་རེད། གཙུག་ལག་སློབ་གྲྭའི་འགན་འཛིན་གྱིས་གོང་ས་མཆོག་ལ་ཆེ་བསྟོད་ཞུ་རྒྱུར་མཁས་པའི་ཕྱག་འཁྱེར་ཕུལ་གནང་བ་དང་། གསུང་བཤད་ཉན་མཁན་གཙུག་ལག་སློབ་གྲྭའི་སློབ་ཕྲུག་དང་དགེ་ལས་གཙོ་བྱས་པའི་མི་གྲངས་ཆིག་ཁྲི་ལྔ་སྟོང་ལྷག་ཕེབས་ཡོད་པ་མ་ཟད་མངའ་སྡེའི་སྲིད་སྐྱོང་ཆེད་ཕེབས་གནང་འདུག།དེ་ནས་ཉིན་རྒྱག་གོང་ས་མཆོག་གིས་ནང་ཆོས་དང་སུ་ཕྷི་ཆོས་བརྒྱུད་ཀྱི་སྐོར་གྱི་མཁས་པའི་བགྲོ་གླེང་དུ་ལྷན་བཞུགས་མཛད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG