ངོ་འཕྲད་བདེ་བའི་དྲ་འབྲེལ།

ཡུཀ་རེན་གྱི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པས་གཟའ་ཕུར་བུའི་ཉིན་བརྗོད་དོན་ལྟར་ན། ར་ཤི་ཡའི་དམག་དཔུང་ཆེན་པོ་ཞིག་གིས་ཡུཀ་རེན་གྱི་ཤོར་ཕྱོགས་སུ་དཔུང་འཇུག་དང་དྲག་རྒོལ་བྱ་སྲིད་པའི་རྟགས་མཚན་སྣ་མང་ཞིག་འདུག་ཅེས་སྐྱོན་འཛུགས་བྱས་ཡོད་ཅིང་། ད་རེས་ཀྱི་ཉེས་འཛུགས་འདི་ཡུཀ་རེན་གྱི་གྱེན་ལོག་པ་ཚོས་བདག་བཟུང་བྱས་པའི་ཤར་ཕྱོགས་ས་ཁུལ་དུ་མ་ལེ་ཞི་ཡའི་འགྲུལ་སྐྱེལ་གནམ་གྲུ་ཞིག་བརྡབ་སྐྱོན་བྱུང་ནས་གཟའ་འཁོར་གཅིག་གི་རྗེས་སུ་བྱུང་ཡོད་པའི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཨལ་ཕེ་སན་གྱི་ཡུཀ་རེན་གྱི་རྒྱལ་ས་ནས་སྤེལ་བའི་གནས་ཚུལ་དེ་པདྨ་བདེ་ཆེན་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

XS
SM
MD
LG