ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༢༦

ཡུཀ་རེན་གྱི་ཛ་དྲག་ཇེ་ཆེ།


ར་ཤི་ཡའི་གཞུང་གིས་ཡུན་རེན་གྱི་ཁུ་རི་མི་ཡ་རང་སྐྱོང་ས་གནས་སུ་དམག་བཏང་ནས་བཙན་འཛུལ་བྱས་ཡོད་ཅིང་། ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་དབྱིན་ཇིའི་སྲིད་བློན། འཇར་མན་ཎིའི་སྲིད་བློན་དང་ཧྥ་རན་སིའི་སྲིད་འཛིན། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཅས་ཀྱིས་ར་ཤི་ཡའི་དམག་འཕྲལ་དུ་ཡུཀ་རེན་གྱི་ཁུ་རི་མི་ཡ་རང་སྐྱོང་ས་གནས་ནས་ཕྱིར་འཐེན་བྱ་དགོས་ཞེས་ནན་བརྗོད་བྱས་ཀྱང་། ར་ཤི་ཡའི་ཕྱི་སྲིད་བློན་ཆེན་ལཱ་བ་རོབ་ཀྱིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཁོ་ཚོས་མི་རིགས་རིང་ལུགས་ཀྱི་ཐལ་སྐྱོད་སྲིད་ཇུས་ཀྱི་ཉེན་ཀའི་འོག་ཏུ་གྲངས་ཉུང་མི་རིགས་ཤིག་གི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་བཞིན་ཡོད། ཁུ་རི་མི་ཡ་ས་གནས་སུ་ཆབ་སྲིད་བརྟན་ལྷིང་སླར་གསོ་མ་བྱུང་བར་དུ་ར་ཤི་ཡའི་དམག་ཕྱིར་འཐེན་བྱ་རྒྱུ་མིན། ཡུཀ་རེན་གྱི་ཟིང་འཁྲུག་སྐབས་སུ་རྒྱལ་ཁབ་ཐོབ་མཁན་ཚོས་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རྫི་བཏང་སྟེ། ཁོ་ཚོས་ས་ཁུལ་དེའི་ཞི་བདེ་བརྟན་ལྷིང་ལ་གཏོར་བརླག་བྱས་པ་དང་། ར་ཤི་ཡའི་མི་རིགས་ཀྱི་བདེ་འཇགས་ལ་ཉེན་ཀ་འཕྲད་ཡོད་ཅེས་བཤད་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG