ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

ཨ་མི་རི་ཀའི་ཀྲི་པ་ཀྲི་སྲིད་དོན་ཚོགས་པ།


ཨ་མི་རི་ཀར་དབྱིན་སྐད་དུ་ཀྲི་པ་ཀྲི་ཞེས་པའི་སྲིད་དོན་ཚོགས་པ་ཞིག་གསར་འཛུགས་བྱུང་སྟེ། སྔ་ལོའི་ཕྱི་ཟླ་༡༡་པར་བྱས་པའི་ཨ་མི་རི་ཀའི་འོས་བསྡུ་བར་མའི་སྐབས་སུ་སྤྱི་མཐུན་ཚོགས་པར་གྲོས་ཚོགས་འོག་མའི་ནང་དུ་སུ་འཐུས་མི་གྲངས་མང་གི་རྒྱལ་ཁ་ཐོབ་པ་དེར་ལག་རྗེས་ཆེན་པོ་ཞིག་འཇོག་ཐུབ་ཡོད་པ་མ་ཟད། ད་ལྟ་ཀྲི་པ་ཀྲི་སྲིད་དོན་ཚོགས་པ་ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པའི་རྒྱབ་སྐྱོར་པ་གལ་ཆེ་ཞིག་ཡིན་ཞིང་། དེར་བརྟེན་སྲིད་དོན་ཚོགས་པ་དེའི་འགོ་ཁྲིད་ཚོས་གྲོས་ཚོགས་འཐུས་མི་གསར་པ་རྣམས་དང་། ལྷག་པར་ཨ་རིའི་གྲོས་ཚོགས་འོག་མར་འཐུས་མི་གྲངས་མང་ཡོད་པའི་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་ཚོར་ཞིབ་རྟོག་ནན་པོ་བྱེད་རྒྱུའི་དམ་བཅའ་བཞག་ཡོད་པའི་སྐོར། ཝི་ཨོ་ཨེ་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཇིམ་མེ་ལོན་གྱིས་སྤེོལ་པའི་གནས་ཚུལ་དེ་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

XS
SM
MD
LG