ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

གཞོན་ནུ་ལྷན་ཚོགས་ཀྱིས་འཛམ་གླིང་གི་དབུ་ཁྲིད་རྣམས་ལ་བོད་ནང་གི་བོད་མིའི་ཚེ་སྲོག་སྐྱོབ་དགོས་པའི་འབོད་བསྐུལ་ཞུས་པ།


དེང་སང་རྒྱ་ནག་གཞུང་གིས་བོད་ས་ཁྱོན་ཡོངས་ཀྱི་ནང་ བཙན་གནོན་དང་དམ་དྲག་གི་སྲིད་བྱུས་ལག་བསྟར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བར་བརྟེན་ བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་ཏེ་ རང་ལུས་མེར་བསྲེག་བཏང་སྟེ་རྒྱ་ནག་གཞུང་གི་བཙན་གནོན་ལ་ངོ་རྒོལ་བྱེད་པའི་གནས་སྟངས་ཛ་དྲག་ཇེ་ཆེར་འགྲོ་བཞིན་པར་བརྟེན་ བཙན་བྱོལ་དུ་ཡོད་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་དབུ་ཁྲིད་རྣམས་ལ་ བོད་མིའི་ཚེ་སྲོག་སྐྱོབ་རྒྱུར་དོ་ཁུར་ཆེ་བཞེས་གནང་སྟེ་རོགས་སྐྱོར་ཡོང་བའི་འབོད་བསྐུལ་ཞུ་གི་ཡོད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG