ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཕྱག་རྡོར་དང་པདྨ་འཕྲིན་ལས་གཉིས་ལ་བཙོན་འཇུག་གི་ཁྲིམས་གཅོད།


༄༅།། རྒྱ་ནག་གཞུང་གིས་རྔ་བ་བོད་རིགས་རང་སྐྱོང་ཁུལ། རྔ་བ་རྫོང་གི་བོད་པ་གླུ་གཞས་གཏོང་མཁན་པདྨ་འཕྲིན་ལས་དང་ཕྱག་རྡོར་གཉིས་ལ་ཁྲིམས་འགལ་དང་ཁ་བྲལ་གྱི་གླུ་གཞས་བཏང་བའི་ནག་ཉེས་བཙུགས་ཏེ། ཁོང་ཚོར་ལོ་གཉིས་རེའི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་ཅིང་། རྒྱ་ནག་གཞུང་གིས་གཞས་པ་དེ་དག་གི་ཕ་མ་དང་བཟའ་མི་ཚོར་སྤྲད་པའི་ཁྲིམས་ཁང་གི་ཡིག་ཆའི་ནང་དུ་པདྨ་འཕྲིན་ལས་དང་ཕྱག་རྡོར་གཉིས་སི་ཁྲོན་ཞིང་ཆེན་གྱི་མེན་དབྱང་བཙོན་ཁང་དུ་བཅུག་ཡོད་ཅེས་འཁོད་ཀྱང་། ཕ་མ་དང་གཉེན་ཚན་ཚོ་མེན་དབྱང་བཙོན་ཁང་ལ་པདྨ་འཕྲིན་ལས་དང་ཕྱག་རྡོར་གཉིས་ལ་ཐུག་འཕྲད་བྱེད་དུ་ཐེངས་གཉིས་སོང་ཡང་བཙོན་ཁང་གི་ལས་སྣེ་ཚོས་མེན་དབྱང་བཙོན་ཁང་དུ་བཙོན་པ་མིང་འདི་འདྲ་ཟེར་པ་གཉིས་གཏན་ནས་མེད་ཅེས་ཐུག་འཕྲད་བྱས་ཐུབ་མེད་པ་མ་ཟད། ཁ་སྔོན་ཕྱི་ཟླ་༢་བར་གཞས་པ་པདྨ་འཕྲིན་ལས་དང་ཕྱག་རྡོར་གཉིས་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་ནས་བཟུང་། གཞས་པ་དེ་དག་བཙོན་ཁང་གང་དུ་བཅུག་ཡོད་མེད་དང་ཁོང་ཚོ་འཆི་གསོན་ཅི་ཡིན་ཤེས་རྟོགས་ཐུབ་ཀྱི་མེད་པའི་སྐོར། རྡོ་རྗེ་ཚེ་བརྟན་གྱིས་རྒྱ་གར་དྷ་རམ་ས་ལའི་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་སུ་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG