ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟུགས་གཞི་སྐྱོ་པོར་གྱུར་བའི་བོད་མི་གཉིས་བཙོན་བཀྲོལ།


རྒྱ་ནག་གཞུང་ལ་རང་ལུས་མེར་བསྲེགས་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་སློབ་གྲྭ་བ་བུ་མོ་པན་ཆེན་སྐྱིད་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་བྱས་ཏེ་འཛིན་བཟུང་བཀག་ཉར་བྱེད་པའི་བོད་མདོ་སྨད་རྨ་ལྷོ་རྩེ་ཁོག་རྡོ་དཀར་མོ་ཞང་གི་རྟ་མགྲིན་ཚེ་རིང་ལགས་བཙོན་ཁང་དུ་གཟུགས་གཞི་སྐྱོ་པོ་གྱུར་ཏེ་གློད་འཀྲོལ་གཏོང་དགོས་བྱུང་ཡོད་པ་དང་། ཡང་༢༠༡༢ལོའི་རྒྱ་མིའི་ལོ་གསར་སྐབས་མདོ་ཁམས་བྲག་མགོའི་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་བའི་སྐབས་འཛིན་བཟུང་བྱས་པའི་བོད་མི་བསོད་ནམས་རིན་ཆེན་ལགས་ཀྱང་། བཙོན་ཁང་དུ་གཟུགས་གཞི་སྐྱོ་པོར་གྱུར་ཏེ་གློད་འཀྲོལ་གཏོང་དགོས་བྱུང་ཡོད་འདུག རྒྱ་ནག་གཞུང་གིས་འཛིན་བཟུང་བྱེད་པའི་བོད་མི་ཚོར་བཙོན་ཁང་དུ་མནར་གཅོད་བཏང་བའི་རྐྱེན་གྱིས་གཟུགས་གཞིའི་གནས་སྟངས་ཛ་དྲག་ཏུ་གྱུར་ཏེ་གློད་འཀྲོལ་གཏོང་དགོས་བྱུང་བཞིན་པའི་སྐོར་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།
XS
SM
MD
LG