ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

དགའ་ལྡན་ལྔ་མཆོད་ཉིན་ཨ་མདོ་ནས་བོད་མི་གཉིས་ཀྱིས་རང་སྲེག་ངོ་རྒོལ་བྱས་པ།


བོད་མདོ་སྨད་རྔ་པ་མཛོད་དགེ་རྫོང་འབྲིང་བའི་སུམ་མདོ་དགོན་གྱི་གྲྭ་དཀོན་མཆོག་འཕེལ་རྒྱས་ཞུ་བ་ཞིག་གིས་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ཚོགས་ཆེན་འདུ་ཁང་མདུན་དུ་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཞབས་པད་བརྟན་པར་ཤོག རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་གདན་འདྲེན་ཞུ་དགོས། ཀིརྟི་སྐྱབས་མགོན་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་གཞིས་བྱེས་ལྷན་འཛོམས་ཡོང་དགོས་ཞེས་འབོད་ཚིག་བསྒྲོགས་ཡོད་པ་དང་། ཡང་མདོ་སྨད་ཀླུ་རྫོང་ཆོས་འཁོར་འཚོར་བ་དུ་པདྨ་རྡོ་རྗེ་ཞུ་བ་ཞིག་ནས་ཀྱང་གོང་གི་འབོད་ཚིག་གཅིག་མཚུངས་བསྒྲོགས་ནས་རང་སྲེག་ངོ་རྒོལ་གནང་བའི་སྐོར་རྒྱལ་མཚན་ཚེ་རིང་ལགས་ཀྱིས་ཕྱོགས་བསྒྲིགས་གནང་བ་ཞིག་གསན་རོགས་གནང་།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG