ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་ལ་ཐོངས་མཆན་ཐོབ་པར་ཆོས་དཔོན་ཐུ་ཐུ་ཡིས་འབད་བརྩོན།


༧གོང་ས་མཆོག་ལ་ཐོངས་མཆན་ཐོབ་པར་ཆོས་དཔོན་ཐུ་ཐུ་ཡིས་འབད་བརྩོན།

ལྷོ་ཨ་རི་ཀའི་ཆོས་དཔོན་ཆེན་མོ་ཌེ་སི་མེན་ཐུ་ཐུ་དགུང་ལོ་༨༠་ཐམ་པར་ཕེབས་པའི་འཁྲུངས་སྐར་གྱི་སྔ་ནུབ་དེར་ཁོང་གིས་སླར་ཡང་༧གོང་ས་མཆོག་ལ་ཐོངས་མཆན་ཐོབ་པའི་འབད་བརྩོན་མཐའ་མ་ཞིག་བྱས་རུང་། ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་༧གོང་ས་མཆོག་ལ་ཐོངས་མཆན་འབུལ་རྒྱུའི་མོས་མཐུན་བྱས་མེད་པ་དང་། བདུན་ཕྲག་འདིར་ལྷོ་ཨ་ཧྥི་རི་ཀའི་ཆོས་དཔོན་ཆེན་པོ་ཌེ་སི་མེན་ཐུ་ཐུ་ཡིས་གསར་འགོད་ལྷན་ཚོགས་ཤིག་སྐོང་སྟེ། ཁོང་གིས་སྲིད་འཛིན་འཇེ་ཁོབ་ཛུ་མ་ཡིས་འགོ་ཁྲིད་པའི་ལྷོ་ཨ་ཧྥི་རི་ཀའི་སྲིད་གཞུང་དེ་ནི། སྔོན་ཆད་ལྷོ་ཨ་ཧྥི་རི་ཀར་དབང་སྒྱུར་བྱས་པའི་མི་རིགས་དཀར་པོ་མཆོག་ཏུ་འཛིན་པའི་རིགས་རུས་དཀར་ནག་དབྱེ་འབྱེད་པའི་སྲིད་གཞུང་དེ་ལས་སྡུག་ག་ཡིན་པ་དང་། ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་རྒྱ་ནག་གི་གནོན་ཤུགས་ལ་མགོ་སྒུར་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཐོངས་མཆན་འབུལ་གྱི་མེད་པ་ཧ་ཅང་ཐབས་རྡུགས་དང་ངོ་ཚ་དགོས་པ་ཞིག་ཡིན། ད་ལྟའི་ལྷོ་ཨ་ཧྥི་རི་ཀའི་གཞུང་དང་གཞུང་འཛིན་ཨ་ཧྥི་རི་ཀ་ཀོང་རེ་སི་རྒྱལ་ཡོངས་ཚོགས་པས་ང་དང་མི་མང་གི་ངོ་ཚབ་བྱེད་མི་ཐུབ་ཅེས་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། དབྱིན་ཇིའི་དུང་ཕྱུར་བདག་པོ་འབྱོར་ལྡན་པ་རི་ཆར་ཌེ་བྷ་རེ་སེན་གྱིས་ཀྱང་ཆོས་དཔོན་ཆེན་མོ་ཌེ་སེ་མེན་ཐུ་ཐུ་ལ་རྒྱབ་སྐྱོར་བྱས་ཏེ། ཁོང་གིས་དྲ་ཚིགས་སུ་གཟའ་པ་སངས་འདིར་ལྷོ་ཨ་ཧྥི་རི་ཀར་རྒྱལ་ཡོངས་སུ་ཆོན་དཔོན་ཆེན་མོ་ཌེ་སེ་མེན་ཐུ་ཐུ་ཡི་འཁྲུངས་སྐར་ལ་དགའ་སྟོན་བྱེད་ཀྱི་ཡོད་རུང་། ལྷོ་ཨ་ཧྤི་རི་ཀའི་གཞུང་གིས་རྒྱ་ནག་གི་གནོན་ཤུགས་འོག་ཏུ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཐོངས་མཆན་འབུལ་གྱི་མེད་པ་མི་རྣམས་ཤིན་ཏུ་བློ་ཕམ་དགོས་པའི་གནས་ཚུལ་ཞིག་མིན་ནམ། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ཌེ་སེ་མེན་ཐུ་ཐུ་གཉིས་འཛམ་གླིང་གི་ཎོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་དང་ལོ་མང་གི་གྲོགས་པོ་ཡིན། ཁོང་ཚོས་འཛམ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ་གྱི་བཀའ་མོལ་ཁོ་ན་གནང་གི་ཡོད་ཅེས་གནས་ཚུལ་སྤེལ་ཡོད་པ་རེད།

XS
SM
MD
LG