ངོ་འཕྲད་བདེ་བའི་དྲ་འབྲེལ།

༄༅།། བོད་སྐྱོད་ཞི་བའི་གོམ་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ད་ལོའི་སྤྱི་ཟླ་གསུམ་པའི་ཚེས་༡༠ཉིན་ནས་བསྐྱར་དུ་གོམ་བགྲོད་ཀྱི་ལས་འགུལ་ཐེངས་གཉིས་པ་དེ་འགོ་འཛུགས་བྱས་ཏེ་ཟླ་བ་གསུམ་ཙམ་གོམ་བགྲོད་བྱས་པའི་མཚམས་སུ། རྒྱ་གར་ཀ་ལོན་སྤོན་དུ་འབྱོར་ཡང་དེའི་རྗེས་ཁོང་གར་སོང་ཆ་མེད་དུ་གྱུར་ཏེ་ ད་ལྟའི་ཆར་ཁོང་ཟླ་བ་གསུམ་ལྷག་སོང་ཡོད་པས། གོམ་བགྲོད་པ་ཁོང་ཤི་གསོན་གང་ཡིན་གྱི་གནས་སྟངས་ཤེས་རྟོགས་ཐུབ་ཀྱིན་མེད་པ་སོགས་ཀྱི་སྐོར་ཚེ་རིང་སྐྱིད་ཀྱིས་འབྲེལ་ཡོད་ཚོགས་པ་དང་ནང་མི་ཚོར་འབྲེལ་བ་བྱས་ཏེ་གནས་ཚུལ་རྒྱུས་ལོན་བྱས་པ་ཞིག་ལ་གསན་རོགས་གནང་། །

XS
SM
MD
LG