ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྲིད་འཛིན་ཊམ་དང་དམངས་གཙོ་ཚོགས་པ།


༄༅།། སྤྱི་ལོ་༢༠༡༨་འདིར་ཨ་མི་རི་ཀའི་བར་དུས་ཀྱི་འོས་འདེམས་སྐབས་སུ་ཨ་རིའི་དམངས་གཙོ་ཚོགས་པར་གྲོས་ཚོགས་འོག་མའི་ནང་དུ་འཐུས་མི་གྲངས་མང་གི་རྒྱལ་ཁ་ཐོབ་ཅིང་། འདི་ནི་ཨ་མི་རི་ཀའི་ཆབ་སྲིད་ལ་འཕོ་འགྱུར་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པར་མ་ཟད། ཆབ་སྲིད་ཀྱི་འཕོ་འགྱུར་འདིས་མ་འོངས་པའི་ལོ་གཉིས་ཀྱི་རིང་ལ་སྲིད་འཛིན་ཌོ་ནལ་ཊམ་གྱི་ཆབ་སྲིད་འཛིན་སྐྱོང་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་སྲིད་ཅེས་སྲིད་དོན་ཉམས་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་བཅས་ཀྱི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་འཕྲིན་ལས་སྙན་གྲགས་ལགས་ཀྱིས་ཕྱོགས་བསྒྲིགས་་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG