ངོ་འཕྲད་བདེ་བའི་དྲ་འབྲེལ།

དཔལ་ཡུལ་དགོན་གྱི་དགེ་འདུན་པ་གཉིས་རྒྱ་གཞུང་གིས་བཀག་ཉར་བྱས་ཏེ་གློད་བཀྲོལ་བཏང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

དཔལ་ཡུལ་དགོན་གྱི་དགེ་འདུན་པ་གཉིས་རྒྱ་གཞུང་གིས་ཉིན་གྲངས་བཅུ་བཀག་ཉར་བྱས་ཏེ་མཐར་ ཕྱི་ཟླ་བཞི་པའི་ཚེས་༢༩དགུའི་ཉིན་གློད་བཀྲོལ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག་ དེ་ཡང་ ཕ་ཡུལ་དྲ་གནས་དང་ ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་བཅས་ཀྱིས་ཕྱི་ཟླ་ལྔ་པའི་ཚེས་༣ཉིན་གནས་ཚུལ་སྤེལ་གསལ་ལྟར་ན་ ཟི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་བཅུག་པའི་བོད་ས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཁྱབ་ཁོངས་ སྡེ་དགེ་དཔལ་ཡུལ་དགོན་པའི་དགེ་འདུན་པ་ལྷ་སྐྱབས་ལགས་དང་ ཚེ་རིང་འགྱུར་མེད་ལགས་ཀྱིས་ བོད་པ་གཅིག་གི་མོ་ཏྲ་དང་ རྒྱ་མི་གཅིག་གི་མོ་ཏྲ་བརྡབ་སྐྱོན་བྱུང་བའི་རྐྱེན་གྱིས་ བོད་པ་དེ་དང་རྒྱ་མི་དེ་འཁྲུག་རྩོད་བྱེད་པ་མཐོང་སྟེ་ བར་འདུམ་བྱེད་པར་བསྐྱོད་པའི་སྐབས་ ས་གནས་སུ་རྒྱ་གཞུང་གི་ཉེན་རྟོག་པ་སླེབས་ཏེ་ ཁོང་གཉིས་འཇུ་བཟུང་བྱས་ཏེ་བཙན་འཁྲིད་བྱས་ཡོད་པ་རེད་ མིང་འདོན་བྱ་འདོད་མེད་པའི་ཨེ་ཤི་ཡེའི་རང་དབང་རླུང་འཕྲིན་ཁང་གི་གནས་ཚུལ་འབྱུང་ཁུངས་ཤིག་གིས་ སྐབས་དེའི་གནས་ཚུལ་ངོ་སྤྲོད་བྱས་ཏེ་ མོ་ཏྲ་བརྡབ་པའི་དོན་རྐྱེན་དང་འབྲེལ་བའི་ཐོག་ནས་བོད་པ་གཅིག་དང་རྒྱ་མི་གཅིག་འཁྲུག་རྩོད་བྱེད་པའི་སྐབས་སུ་ རྒྱ་གཞུང་གི་ཉེན་རྟོག་པ་སླེབས་སྟབས་ ཉེན་རྟོག་པ་དེ་དག་དང་ བར་འདུམ་བྱེད་རྩིས་བྱེད་མཁན་གོང་ཞུས་དགེ་འདུན་པ་ཁོང་གཉིས་ཁ་རྩོད་ཤོར་བ་དང་ ཉེན་རྟོག་པས་ཁོང་གཉིས་འཇུ་བཟུང་བྱས་ཏེ་བཙན་འཁྲིད་བྱས་སོང་བས་ བཀག་ཉར་བྱེད་པའི་རིང་ཁོང་གཉིས་ལ་ཉེས་བརྡུང་དྲག་པོ་བཏང་འདུག་ཅེས་འགྲེལ་བརྗོད་བྱས་འདུག

XS
SM
MD
LG